- rgya tshil/
- ID:
- T38289
- རྒྱ་ཚིལ (Tibetan, Tibetan script, Original)
- > rgya tshil/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyatsil (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Dan Martin Dictionary
de la rgya tshil gu gul gyi dud pas / bsdugs nas rten ba'i lha lnga dang phral ba'i tshe. Zhi-byed Coll. V 143.1.
- language:
- English
2. Thupten Phuntsok Dictionary
མཛེ་ནད་དང་ཆུ་སེར་གྱི་སྐབས་སུ་རི་དྭགས་རྒྱའི་ཚིལ་གྱི་མིང་དང་། རེག་དུག་གླང་ཤུ་གཉན་ལྷོག་བཅས་ཀྱི་སྐབས་སུ་ཁྱིའི་བྲུན་གྱི་དཀྱིལ་དུ་དཀར་པོ་རིལ་རིལ་འབྱུང་བ་དེའི་མིང་ཡིན་ཞིང་། སྲིན་ནད་དང་རེག་དུག་གི་སྐབས་སུ་ར་རྒྱ་བོའི་ཚིལ་གྱི་མིང་ལའང་འཇུག་པས་སྐབས་ཐོབ་ཏུ་གོ་དགོས་པ་ཞིག་སྟེ། དེའི་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། རྒྱ་ཚིལ་ཞེས་པ་སྐབས་ཀྱི་མ་ཕྱེ་ན། རྒྱ་ཡི་ཚིལ་དང་ཤྭ་ནའི་བྲུན་སྙིགས་དང་། ར་རྒྱ་བོ་ཡི་ཚིལ་གསུམ་ནོར་ར་རེ། ཞེས་གསུངས།
- language:
- Tibetan