- rgyal po kri kri'i rmi ltas bcu/
- ID:
- T39238
- རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་བཅུ (Tibetan, Tibetan script, Original)
- > rgyal po kri kri'i rmi ltas bcu/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyelpo tritri mintechu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
the ten dream omens of King ... [father of sangs rgyas 'od srung]
- language:
- English
3. Thupten Phuntsok Dictionary
༡ གླང་པོ་ཆེའི་ལུས་སྐར་ཁུང་ནས་ཐོན་ཀྱང་མཇུག མ་དེ་ལ་ཐོགས་པ་རྨིས་པ། ༢ གླང་པོ་ཆེ་ཕལ་བས་སྤོས་ཀྱི་ཀྱི་གླང་པོ་ཆེ་སྐྲོད་པ། ༣ མི་གཙང་བ་གོས་པའི་སྤྲེའུས་སྤྲེའུ་གཞན་ལ་མི་གཙང་བ་སྐུད་པ། ༤ སྤྲེའུ་གཅིག་གིས་སྤྲེའུའི་ཚོགས་ལ་དབང་བསྐུར་བ། ༥ ཙན་དན་སྦྲུལ་གྱི་སྙིང་པོ་དང་ཤིང་ཕལ་པ་མགོ་སྙོམ་པ། ༦ ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བ། ༧ གཙུག་ལག་ཁང་གི་ཉེ་འཁོར་ན་ཡོད་པའི་མེ་ཏོག་དང་འབྲས་བུ་རྐུན་པོས་ཁྱེར་། ༨ གཙང་ཞིང་ཡིད་དུ་འོང་བའི་ཁྲོན་པས་སྐོམ་པའི་མིའི་རྗེས་སུ་བསྙེགས་ཀྱང་མི་འཐུང་བ། ༩ སྐྱེ་བོ་མང་པོ་སྡེ་རིས་སུ་བཅད་ནས་རྩོད་པ། ༡༠ རས་ཡུག་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པས་ཐམས་ཅད་ལ་ཚང་མ་རེ་ཐོབ་ཅིང་། རྩ་བའི་རས་ཡུག་མ་ཉམས་པ། དེ་སངས་རྒྱས་འོད་སྲུང་ལ་ཞུས་པས། རྒྱལ་བ་ལ་སྐྱོན་མེད། མ་འོངས་པ་ན་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་ཀྱི་སྐྱོད་ཚུལ་ངན་པ་སྣ་ཚོགས་འབྱུང་བའི་ཡིན་ཞེས་ལུང་བསྟན། དེ་ཡང་རྨི་ལྟས་དང་པོ་ནི་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཡང་གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་སྤོང་མི་ཐུབ་པའི་སྔ་ལྟས། གཉིས་པ་ནི་ཚུལ་ཁྲིམས་འཆལ་བའི་དགེ་སློང་གིས་ཚུལ་ཁྲིམས་རྣམ་པར་དག་པའི་དགེ་སློང་གནས་ནས་སྐྲོད་པའི་སྔ་ལྟས། གསུམ་པ་ནི་ཚུལ་ཁྲིམས་འཆལ་བས་ཚུལ་ཁྲིམས་དང་ལྡན་པ་ལ་ཉེས་པ་གླེང་བའི་སྔ་ལྟས། བཞི་པ་ནི་མཁན་སློབ་བྱེད་ཀྱི་མཚན་ཉིད་དང་མི་ལྡན་པས་གཞན་གྱི་མཁན་སློབ་བྱེད་པར་འགྱུར་བའི་སྔ་ལྟས། ལྔ་པ་ནི་སངས་རྒྱས་ཀྱི་བཀའ་དང་མུ་སྟེགས་ཅན་གྱི་གཞུང་མགོ་སྙོམ་པའི་སྔ་ལྟས། དྲུག་པ་ནི་ཟང་ཟིང་གི་ཆད་དུ་ཆོས་སྟོན་པའི་སྔ་ལྟས། བདུན་པ་ནི་དགེ་འདུན་གྱི་ཡོ་བྱད་ཀྱིས་ཁྱིམ་པ་གསོ་བའི་སྔ་ལྟས། བརྒྱད་པ་ནི་ཆོས་ཀྱིས་ཕོངས་པའི་གང་ཟག་ལ་ཆོས་བསྟན་ཀྱང་དོན་དུ་མི་གཉེར་བའི་སྔ་ལྟས། དགུ་པ་ནི་རབ་ཏུ་བྱུང་བ་རྣམས་གྲུབ་མཐའི་དབང་གིས་སྡེ་རིས་སུ་བཅད་ནས་ཆགས་སྡང་བྱུང་བའི་སྔ་ལྟས། བཅུ་པ་ནི་ཤཱཀྱ་ཐུབ་པའི་བསྟན་པ་ལ་སྡེ་པ་བཅོ་བརྒྱད་འབྱུང་ཞིང་། ཐམས་ཅད་ཀྱིས་རང་རང་གི་ལྟ་སྤྱོད་དང་མཐུན་པར་ཉམས་སུ་བླངས་ན་བྱང་ཆུབ་སྒྲུབ་ནུས་ལ། རྩ་བའི་བྱང་ཆུབ་སྒྲུབ་པའི་ལམ་ཡང་མ་ཉམས་པར་ཡོད་པའི་སྔ་ལྟས་སོ། །
- language:
- Tibetan