- rgyal ba'i spyan can/
- ID:
- T39583
- རྒྱལ་བའི་སྤྱན་ཅན (Tibetan, Tibetan script, Original)
- > rgyal ba'i spyan can/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyelwé chenchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་བཏགས་པའི་མེ་ཏོག་ལུག་མིག་གི་མིང་གི་རྣམ་གྲངས་ཤིག་སྟེ། བདུད་རྩི་མཆོག་གི་ལུང་ལས། སྔོན་ཚེ་རྒྱལ་པོ་བཤེས་གཉེན་གྱིས། ལྷ་དང་དྲང་སྲོང་ཐམས་ཅད་བོས། ལྷ་དང་དྲང་སྲོང་ཐམས་ཅད་བོས། མཆོད་སྦྱིན་རྒྱ་ཆེན་བྱས་པའི་ཚེ། ལྷ་ཆེན་དབྱང་ཕྱུག་ཆེན་པོ་དེ། ཀུན་གྱི་མཇུག་ཏུ་གདན་དྲངས་པས། ལྷ་ཆེན་དྲག་པོར་ཁྲོས་ནས་ནི། མེ་འབར་མིག་ནས་རིམས་ནད་བྱུང་། དེ་ཚེ་འཕགས་པ་འཇམ་དཔལ་གྱིས། ཨུ་མ་དེ་ཝའི་མིག་བླངས་ཏེ། རྒྱལ་བའི་སྤྱན་དུ་བྱིན་བརླབས་ནས། བཞི་བརྒྱ་རྩ་བཞིའི་གཉེན་པོ་རུ། གྱུར་ཅིག་སྨོན་ནས་སར་བཏབ་པས། བདེན་པའི་མཐུ་ཡིས་འཁྲུངས་པ་ལ། རྒྱལ་བའི་སྤྱན་ཅན་ཞེས་སུ་བརྗོད། ཅེས་གསུངས་པ་ལྟར་རོ། །
- language:
- Tibetan