- rgyal mo g.yu sgra snying po/
- ID:
- T39687
- རྒྱལ་མོ་གཡུ་སྒྲ་སྙིང་པོ (Tibetan, Tibetan script, Original)
- > rgyal mo g.yu sgra snying po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyelmo yudra nyingpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
རྒྱལ་པོ་མུ་ནེ་བཙན་པོ་དང་། ལོ་ཙཱ་བ་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ་གསུམ་གྱིས་ལྡན་དཀར་ཏ་མོ་རར་བཀའ་ངེས་པའི་ལུང་དོན་མན་ངག་རྣམས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར། དེ་ནས་གཡུ་སྒྲ་སྙིང་པོ་ཚ་བའི་ཡུལ་དུ་བཞུད་ཅེས་གྲགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་རྒྱལ་མོ་ཚ་བ་རོང་དུ་སྐུ་འཁྲུངས། ལོ་ཆེན་བེེ་རོ་ཙ་ནས་རྗེས་སུ་བཟུང་ཞིང་མཁས་པ་དང་གྲུབ་པའི་ཕུལ་དུ་ཕྱིན། སློབ་དཔོན་པདྨ་འབྱུང་གནས་ལས་མན་ངག་ལྟ་བའི་ཕྲེང་བ་སོགས་ཞུས་ཏེ་སྐུ་གསེར་གྱི་རྡོ་རྗེར་སྤྲུལ་པ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པ་དང་། ཐེག་མཆོག་རྫོགས་པ་ཆེན་པོའི་ལྟ་དགོངས་ཀློང་དུ་གྱུར་པ་ཞིག་སྟེ། 《གྲུབ་མཐའ་ཤེལ་གྱི་མེ་ལོང》ལས་ “གཡུ་སྒྲ་སྙིང་པོ་རྟོགས་པའི་མཆོག་དང་ལྡན།” ཞེས་གསུངས་སོ། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་ནོ། །
- language:
- Tibetan