- rgyal sras thogs med bzang po dpal/
- ID:
- T39830
- རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ (Tibetan, Tibetan script, Original)
- > rgyal sras thogs med bzang po dpal/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyelsé tokmé zangpopel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
1295-1369
- language:
- English
-
(1295-1369) - author of བློ་སྦྱོང་དོན་བདུན་མ་
- language:
- English
2. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རབ་བྱུང་ལྔ་པའི་ཤིང་ལུག(༡༢༩༥)ལོར་ལྷོ་ཕུལ་ཆུང་དུ་སྐུ་བསྟམས། དགུང་ལོ་བཅུ་བཞི་ལ་ཕེབས་སྐབས་བསམ་གླིང་པ་དཔལ་འབར་དང༌། རིན་ཆེན་དཔལ་བཟང་གི་དྲུང་དུ་རབ་ཏུ་བྱུང༌། མཚན་བཟང་པོ་དཔལ་ཞེས་གསོལ། དགུང་ལོ་བཅོ་ལྔ་པ་ལ་བོ་དོང་ཨེར་སློབ་དཔོན་ཀུན་དགའ་རྒྱལ་མཚན་པའི་དྲུང་དུ་མངོན་པ་སོགས་གསན་སྦྱོང་མཛད། འཇམ་དབྱངས་ཉི་མ་རྒྱལ་མཚན་པས་མངོན་པ་ལས་དྲི་བ་གནང་བར་ལན་ཐོགས་མེད་དུ་བཏབ་པས། ཐོགས་མེད་བཟང་པོ་དཔལ་ཞེས་སྙན་པར་གྲགས། དེ་ནས་དཔང་ལོ་དང་བུ་དོལ་ཆོས་རྗེ་བླ་མ་སོགས་པའི་མཁས་གྲུབ་དམ་པ་བསྟེན་ནས་དགུང་གྲངས་བཅུ་དགུ་པ་ལ་བཤད་པའི་དགའ་སྟོན་སྤེལ། དགུང་ལོ་ཉེར་གཅིག་པ་ནས་འཆད་པོའི་རིང་ལུགས་བསྐྱངས། དགུང་ལོ་ཉེར་དགུ་པ་ལ་བྱངས་སེམས་རིན་མགོན་དང་། ནམ་མཁའ་སངས་རྒྱས་སོགས་ལས་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་པ་ནས་ཞེ་གཅིག་གི་བར་དུ་བླ་བྲང་རྟ་རའི་གདན་ས་མཛད། དེ་ནས་ཨེའི་ཆོས་ཀྱི་ཁྲིར་གསོལ་བ་བཏབ་ཀྱང་མ་གནང་བར། དཔང་ལོ་ཆེན་པོ་སྤྱན་དྲངས་ཏེ་ཨེའི་ཆོས་ཀྱི་ཁྲིར་མངའ་གསོལ། བཤད་སྒྲུབ་ཀྱི་བསྟན་པ་ཆེས་ལྷག་པར་བསྒྲུབས་ཏེ་རེ་བདུན་ལོར་དབུས་སུ་བྱོན། སློབ་མའི་མཆོག་ནི་བུ་དོར་ཆོས་རྗེ་བླ་མ་ལོ་ཆེན་བྱང་རྩེ་སོགས་མཐའ་ཡས་པ་བྱུང་ཞིང༌། གཙོ་བོའི་རྒྱུད་འཛིན་ནི་དཔལ་གདན་སེང་གེ་སོགས་ཡིན། དགུང་གྲངས་དོན་ལྔ་ལ་ཕེབས་པར་རབ་ཆུང་དྲུག་པའི་ས་བྱ(༡༣༦༩)ལོར་ཞི་བར་གཤེགས།
- language:
- Tibetan
3. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་ལྔ་པའི་ཤིང་ལུག (༡༢༩༥) ལོར་ལྷོ་ཕུལ་ཆུང་དུ་སྐུ་བལྟམས། དགུང་ལོ་སོ་གཉིས་པ་ནས་ཞེ་གཅིག་གི་བར་དུ་བླ་བྲང་རྟ་རའི་གདན་ས་མཛད། དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་དྲུག་པའི་ས་བྱ (༡༣༦༩) ལོར་ཞི་བར་གཤེགས།
- language:
- Tibetan