- rgyal srid sna bdun/
- ID:
- T39863
- རྒྱལ་སྲིད་སྣ་བདུན (Tibetan, Tibetan script, Original)
- > rgyal srid sna bdun/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyelsi nadün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
the seven royal possessions, the seven attributes of kingship or of a universal monarch, the seven royal emblems: The precious wheel, jewel, queen, minister, elephant, horse, and general. 1) འཁོར་ལོ་, or རྩིབས་སྟོང་ the thousand-spoked. 2) ནོར་བུ་, ཡིད་བཞིན་ནོར་. 3) བཙུན་མོ་. 4) བློན་པོ་, or ཁྲིམས་བདག་ judge. 5) གླང་པོ་, ཁྱུ་མཆོག་གླང་. 6) རྟ་མཆོག་. 7) དམག་དཔོན་
- language:
- English
-
seven royal possessions: the precious wheel, jewel, queen, elephant, minister, horse, and general.
- language:
- English
2. Ives Waldo Dictionary
-
the 7 royal possessions ['khor lo rin po che, nor bu rin po che, btsun mo rin po che, blon po rin po che, glang po rin po che, rta mchog rin po che, dmag dpon rin po che ste bdun 1) འཁོར་ལོ་ rin po che, རྩིབས་སྟོང་ 2) ནོར་བུ་, ཡིད་བཞིན་ནོར་ 3) བཙུན་མོ་ 4) གླང་པོ་, ཁྱུ་མཆོག་གླང་ 5) རྟ་མཆོག་ 6) ཁྲིམ་བདག་ 7) དམག་དཔོན་
- language:
- English
-
the 7 royal possessions [r]
- language:
- English
5. bod rgya tshig mdzod chen mo
[558] འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་སྟེ་བདུན། ...
- language:
- English
6. dung dkar bod rig pa'i tshig mdzod chen mo
རྒྱལ་སྲིད་སྣ་བདུན་ལས་འཁོརལོ་རིན་པོ་ཆེ་ནི་སྔོན་དུས་འཁོར་ལོས་བསྒྱུར་པའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ལས་ཕོ་བྲང་གི་རྩེ་ནས་བདེན་ཚིག་བརྗོད་པས་ཤར་ཕྱོགས་གི་ནམ་མཁའ་ནས་རྒྱལ་པོའི་མདུན་དུ་བབས་ཏེ་གང་དུ་འགྲོ་འདོད་པའི་ཡུལ་དེར་འཁོར་ལོ་དེས་སྣ་དྲངས་ནས་འགྲོ་བ་དང༌། དེ་དང་མཉམ་དུ་རྒྱལ་སྲིད་གཞན་རྣམས་ཀྱང་འབྱོར་འོངས་པ་དེ་ཡིན། ནོར་བུ་རིན་པི་ཆེ་ནི་མདོག་མཐིང་ཀ་དྲི་མ་མེད་པའི་འོད་ཀྱི་དཔག་ཚད་བརྒྱད་བཅུ་ཙམ་དུ་སྣང་བ་བྱེད་པའི་ནུས་པ་དང་ལྡན་པ་། གླིང་གཞིའི་འགྲོ་བ་ཐམས་ཅད་ཀྱི་དབུལ་ཕོངས་སེལ་བ། འདོད་རྒུ་ཡིད་བཞིན་དུ་སྐོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེའོ། བཙུན་མོ་རིན་པོ་ཆེ་ནི་གཟུགས་མཛེས་ཤིང་བལྟ་ན་སྡུག་པ། བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་དང་ལྡན་པ་ཡིད་དུ་འོང་བའི་དྲི་དང་རེག་བྱ་དང་ལྡན་པ་ལ་སོགས་པ་དེའོ། ། བློན་པོ་རིན་པོ་ཆེ་ནི་རྣམ་ཐོས་ཀྱི་བུ་ལྟ་བུ་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ། རྒྱལ་པོས་སྟོང་གསུམ་གསེར་གྱིས་ཁོངས་ཤིག་ཅེས་བཀའ་སྩལ་ནའང་སྐད་ཅིག་གིས་སྒྲུབ་ནུས་ཤིང་གཏོང་ཕོད་ཆེ་བའི་བསོད་ནམས་དང་ལྡན་པའོ། གླང་པོ་རིན་པོ་ཆེ་ནི་ཐལ་དཀར་ཆེ་བ་དྲུག་དང་ལྟན་པ་སྤྱི་གཙུག་དམར་ཞིང་དཔངས་མཐོ་བ། ནོར་བུའི་དྲ་བས་གཡོགས་ཤིང་གླང་ཕལ་བ་སྟོང་གི་སྟོབས་མངའ་བ། ཤིན་ཏུ་མགྱོགས་ཁྱད་དང་ལྡན་པ་གླང་ཆེནས་སྲུང་གི་བུ་ལྟ་བུའོ། རྟ་མཆོག་རིན་པོ་ཆེ་ནི་མདོག་སྔོན་པོ་རྨ་བྱའི་མགྲིན་པའི་སྤུ་ལྟ་བུ་ཡིད་དུ་འོང་བ། ནད་མེད་ཅིང་འཚེར་སྐད་ཀྱི་འཛམ་གླིང་ཁྱབ་པ། རྒྱལ་པོའི་ཐུགས་ལ་གང་ཤར་ཤེས་པས་ཅང་ཤེས་པ། འཛམ་གླིང་ཉིན་གཅིག་ལ་ལན་གསུམ་བསྐོར་ནུས་པའི་བང་ཤུགས་རླུང་དང་འདྲ་བ་རྟ་ཡི་རྒྱལ་པོ་ཅང་ཤེས་པ་ལ་ལྟ་བུའོ། དམག་དཔོན་རིན་པོ་ཆེ་ནི་སྙིང་སྟོབས་དང་ལྡན་པ། སྒྱུ་རྩལ་དང་གཡུལ་འགྱེད་པའི་ཐབས་ལ་མཁས་པ། དཔུང་ཚོགས་ཡན་ལག་བཞི་དང་བཅས་པ། གཞུ་བདུངས་པ་ཙམ་གྱིས་ཕ་རོལ་གྱི་དགྲ་སྡེ་ཐམས་ཅད་དཔའ་ཞུམ་པའི་གཟི་བྱིན་བསྟོད་པར་དཀའ་བ་རྒྱལ་པོ་འཕགས་སྐྱེས་པོ་ལྟ་བུ་ཡིན་ནོ།
- language:
- Tibetan
7. Thupten Phuntsok Dictionary
འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་སྟེ་བདུན།
- language:
- Tibetan
8. smon lam tshig mdzod chen mo
འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་སྟེ་བདུན།
- language:
- Tibetan