Skip to main content Skip to search
rgyas btab ra mo che/
ID:
T39915
  • རྒྱས་བཏབ་ར་མོ་ཆེ (Tibetan, Tibetan script, Original)
    • > rgyas btab ra mo che/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyetap ramoché (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

ra mo che'i gtsug lag khang

language:
English

2. bod rgya tshig mdzod chen mo

[559] ར་མོ་ཆེའི་གཙུག་ལག་ཁང་ཐོག་མར་རྒྱ་བཟའ་ཀོང་ཇོ་འཆར་བཀོད་ལྟར་རྒྱ་རིགས་བཟོ་པས་བརྒྱབ་པ་ཡིན་པས་མིང་འདི་ལྟར་ཐོབ། ...

language:
English

3. dung dkar bod rig pa'i tshig mdzod chen mo

སྔར་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་བོད་ཀྱི་རབ་བྱུང་དང་པོ་མ་ཚུགས་གོང་གི་ལོ་བདུན་བརྒྱ་ཙམ་གྱི་སྔོན་སྤྱི་ལོ༦༤༠ནས་༦༥༠ལོའི་བར་རྒྱ་བཟའ་ཀོང་ཇོས་རྒྱ་ཡི་བཟོ་བོ་མཁས་པ་མང་པོ་བོས་ནས་ལྷ་ཁང་བཞེངས། མེས་རྒྱལ་ནས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཚད་ཡིན་ཟེར་བ་ཡང་འདིར་བཞུགས་སུ་གསོལ། སྒོ་ཡང་རྒྱ་ནག་གི་ཕྱོགས་སུ་བསྟན་ནས་ཡོད། གཙུག་ལག་ཁང་འདི་ལ་མིང་འབོད་ཙུལ་གཉིས་ཡོད་དེ། ༡.གཙུག་ལག་ཁང་འདི་རྒྱ་བཟས་བཞེངས་པས་རྒྱས་བཏབ་ར་མོ་ཆེ་ཟེར་བ་དང་། ༢.སྐབས་དེར་ར་མོ་ཆེའི་སྟེང་གི་རྒྱ་ཕིབས་སྔར་གྱི་རྒྱ་ནག་གི་ལྷ་ཁང་ཆོའི་རྒྱ་ཕིབས་ལྟར་སོ་ཕག་ལས་བཟོས་པའི་རྒྱ་ཕིབས་རྒྱང་ནས་བལྟས་ན་གཅན་གཟན་སྟག་གི་སྤུ་རིས་ལྟར་བཀྲ་བས་ན་རྒྱ་སྟག་ར་མོ་ཆེ་ཞེས་འབོད་ཚུལ་གཉིས་ཡོད་པ་གང་བྱས་ཀྱང་ཆོགལྷ་ཁང་འདི་འི་ནང་དུ་བལ་བཟས་བལ་ཡུལ་ནས་རྟེན་སྐལ་དུ་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ་དང་། ཙན་དན་སྒྲོལ་མ། རྗེ་ཙོང་ཁ་པ་རང་ཉིད་སྐུ་བཞུགས་དུས་སུ་བཞེངས་པའི་འདྲ་སྐུ་སོགས་ཡོད། སྟེང་གི་ལྷ་ཁང་མང་ཆེ་བ་དང་། ཏྰ་ལའི་བླ་མའི་གཟིམ་ཆུང་སོགས་ནི་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་འདས་རྗེས་ནས་བཟུང་། སྐུ་ཕྲེང་རིམ་བྱོན་སྐབས་རིམ་བཞིན་རྒྱ་བསྐྱེད་བྱས་པ་ཡིན། འདིའི་ལོ་རྒྱུས་ཞིབ་ཆ་ཏྰ་ལའི་བླ་མ་བླ་མ་སྐུ་ཕྲེང་ལྔ་པས་བརྩམས་པའི་<<གཙུག་ལག་ཁང་གི་དཀར་ཆག་>>དང་། ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་བརྩམས་པའི་<<ར་མོ་ཆེ་དཀར་ཆག་>>གཉིས་སུ་གསལ་བ་དེར་གཟིགས། རྒྱས་བཏབ་ར་མོ་ཆེའི་གཙུག་ལག་ཁང་ལ་ཉམས་བཟོ་མཛད་པའི་དཀར་ཆག་སྐོར་རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ་〔ཅ〕པའི་ནང་གསལ།

language:
Tibetan

4. Thupten Phuntsok Dictionary

ར་མོ་ཆེའི་གཙུག་ལག་ཁང་ཐོག་མར་རྒྱ་བཟའ་ཀོང་ཇོའི་འཆར་བཀོད་ལྟར་རྒྱ་རིགས་བཟོ་པས་བརྒྱབ་པ་ཡིན་པས་མིང་འདི་ལྟར་ཐོབ།

language:
Tibetan

5. smon lam tshig mdzod chen mo

ར་མོ་ཆེའི་གཙུག་ལག་ཁང་ཐོག་མར་རྒྱ་བཟའ་ཀོང་ཇོའི་འཆར་བཀོད་ལྟར་རྒྱ་རིགས་བཟོ་པས་བརྒྱབ་པ་ཡིན་པས་མིང་འདི་ལྟར་ཐོབ།

language:
Tibetan