Skip to main content Skip to search
rgyun zhugs zhugs pa/
ID:
T41158
  • རྒྱུན་ཞུགས་ཞུགས་པ (Tibetan, Tibetan script, Original)
    • > rgyun zhugs zhugs pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyünzhuk zhuk pa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

ཞུག་འཇུག་ཞུགས་ཞུགས་
Hopkins' Translations: Approacher to Stream Enterer

Comment: This is one of the eight types of enterers and abiders (zhugs gnas brgyad): Approacher to Stream Enterer (rgyun zhugs zhugs pa); Abider in the Fruit of Stream Enterer (rgyun zhugs 'bras gnas); Approacher to Once Returner (phyir 'ong zhugs pa); Abider in the Fruit of Once Returner (phyir 'ong 'bras gnas); Approacher to Never Returner (phyir mi 'ong zhugs pa); Abider in the Fruit of (phyir mi 'ong 'bras gnas); Approacher to Foe Destroyer (dgra bcom zhugs pa); Abider in the Fruit of (dgra bcom 'bras gnas). For the Sanskrit see the individual entries.

language:
Tibetan

2. Rangjung Yeshe Dictionary

Def. by Jamgön Kongtrül: ཉན་ཐོས་རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པ་དེའི་སྤངས་པའི་བར་ནི། འདོད་ཉོན་གཏན་མ་སྤངས་པ་ནས་བཞི་པ་ལྔ་པའི་བར་སྤངས་པའང་སྲིད། དྲུག་པ་གཏན་མ་སྤངས་པ་སྟེ་འདིའི་བྲས་ཞུགས་ཀྱིས་དྲུག་པ་སྤངས་མི་སྲིད་པ་

language:
English

3. Ives Waldo Dictionary

candidate for the fruit of stream entrance

language:
English

4. bod rgya tshig mdzod chen mo

[579] ཞུགས་གནས་བརྒྱད་ཀྱི་ནང་གསེས། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་སྟེ། གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་དང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གནས་པའི་གང་ཟག་གོ། ...

language:
English

5. Thupten Phuntsok Dictionary

དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིའི་ནང་ནས་འབྲས་བུ་དང་པོ་ལ་ཞུགས་པ་སྟེ། དཔེར་ན་ཉན་ཐོས་མཐོང་ལམ་པ་བཞིན་ནོ། །

language:
Tibetan

6. smon lam tshig mdzod chen mo

ཞུགས་གནས་བརྒྱད་ཀྱི་ནང་གསེས། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་དང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གནས་པའི་གང་ཟག་གོ།

language:
Tibetan