- sga sho/
- ID:
- T41482
- སྒ་ཤོ (Tibetan, Tibetan script, Original)
- > sga sho/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gasho (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
སྒ་ཤོ་རིགས་གསུམ་ལས་འདི་ཆེ་བ་སྟེ། རྫ་འཇམ་དང་། ཆུ་ཕྲན་གྱི་འགྲམ་དུ་སྐྱེ་བ། རྩ་བ་རྒྱུས་ཕྲན་གཤིབ་པ་ལྟ་བུ་དང་། ལོ་མ་ལྗང་འཇམ་མཐུག་པ། དབྱིབས་འཇོང་ནར་རི་ཤོ་འདྲ་བ། མཐའ་གཉིས་རྒྱབ་ཕྱོགས་སུ་འདྲིལ་བ་མང་དུ་སྐྱེ་ཞིང་། གཉིས་པ་སྒ་ཤོ་རིང་བ་སྐྱེ་ལུགས་གོང་དང་འདྲ་ཞིང་། སྡོང་པོ་དམར་སྨུག་དེ་ལས་རིང་བ། མཐོ་ཚད་སྨི་0.3~0.7ཙམ་ཟིན་པ། ཁ་མཐོའི་རྫ་ལ་སྐྱེ་བ། ལོ་མ་ཆུང་ལ་དབྱིབས་སྒོར་མོ་ཅན་མེ་ཏོག་གོང་མ་རྣམས་དང་འདྲ། གསུམ་པ་སྔོ་སྒ་ཆུང་བ་ནི་སྒ་ཆུང་གསེར་མགོ་ཞེས་པ་མང་ཆེ་བ་ཆུ་རྒྱུད་གྲམ་ཐང་སོགས་ལ་འཁྲུངས་པ། ལོ་མ་ཕྲ་ལ་ནར་མོ་སྤུ་ཆུང་ཅན་རེས་མོས་སྐྱེ་བ་དང་། ངར་པའི་མཐོ་ཚད་སྨི་0.07~0.12ཙམ་ཟིན་པའི་རྩེར། སྒའི་མེ་ཏོག་སེར་པོ་མགོ་སྦྲེལ་ཅན་འཆར་བ། སྨན་དུ་སྦྱར་བྱ་ནི། ལོ་སྡོང་མེ་འབྲས་ཡོངས་རྫོགས་ཏེ། ཟླ་བ་8~9པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་ནུས། རོ་ཁ་བསྐ། ཞུ་རྗེས་བསིལ། ནུས་པས་ཚ་བའི་མཁྲིས་ཚད་མགོ་ནད་སེལ། བད་ཀན་གྱི་ནད་དང་། དུག་ནད། གསེར་རིགས་འཇོམས། སྲིན་དང་རླུང་ལ་ཕན། ཁྱད་པར་ཤ་ལ་ཡུ་རིང་རྨ་ལ་ཟབ་ཅིང་རྨ་ཚད་སེལ། རུས་ཆག་སྦྱོར། སྒ་ཆུང་གསེར་མགོ་ཤ་དུག་གི་ནད་ལ་མཆོག
- language:
- Tibetan