Skip to main content Skip to search
klu gter/
ID:
T4254
  • ཀླུ་གཏེར (Tibetan, Tibetan script, Original)
    • > klu gter/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > luter (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

Nāga vases described in Dung-dkar 121.

language:
English

2. dung dkar bod rig pa'i tshig mdzod chen mo

ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ནས་བཤད་། པའི་ཀླུ་ཆེན་བརྒྱད་ལ་རིན་པོ་ཆེའི་གཏེར་བུམ་འབུལ་བའི་ཆོ༌ག་ཞིག་སྟེ། གསེར་དངུལ་ཟངས་གསུམ་དང་རྫ་ལས་བཟོས་པའི་བུམ་པ་འབྲུ་བྲེ་གང་ཙམ་ཤོང་བའི་ཚོད་ཅིག་གི་ནང་སྨན་སྣ་ལྔ། རིན་ཆེན་སྣ་ལྔ། འབྲུ་སྣ་ལྔ། སྙིང་པོ་ལྔ། དྲི་ལྔ་བཅས་ཀྱིས་ཕྱུར་བུར་བཀང་བའི་དབུས་སུ། ཀླུ་ཆེན་བརྒྱད་ཀྱི་གཟུགས་བྲིས་པའི་ཙ་ཀ་ལི་འདོད་གསོལ་དང་བཅས་པ་བཅུག་པའི་བུམ་པ་དེ་ཁང་པའི་མཛོད་དང་ཆུ་མིག་མཚོ་སོགས་ལ་སྦ་བ་ཞིག་ཡིན། ཆོ་ག་ནི་ཆོས་ལུགས་གྲུབ་མཐའ་རང་རང་སོ་སོའི་བླ་མ་གོང་མས་མཛད་པ་རྒྱས་བསྡུས་སྣ་ཚོགས་ཡོད་ལགས།

language:
Tibetan

3. Thupten Phuntsok Dictionary

ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ནས་བཤད་པའི་ཀླུ་ཆེན་བརྒྱད་ལ་རིན་པོ་ཆེའི་གཏེར་བུམ་འབུལ་བའི་ཆོ་ག་ཞིག་སྟེ། གསེར་དངུལ་ཟངས་གསུམ་དང་རྫ་ལས་བཟོས་པའི་བུམ་པ་འབྲུ་བྲེ་གང་ཙམ་ཤོང་བའི་ཚོད་ཅིག་གི་ནང་སྨན་སྣ་ལྔ། རིན་ཆེན་སྣ་ལྔ། འབྲུ་སྣ་ལྔ། སྙིང་པོ་ལྔ། དྲི་ལྔ་བཅས་ཀྱིས་ཕྱུར་བུར་བཀང་བའི་དབུས་སུ། ཀླུ་ཆེན་བརྒྱད་ཀྱི་གཟུགས་བྲིས་པའི་ཙ་ཀ་ལི་འདོད་གསོལ་དང་བཅས་པ་བཅུག་པའི་བུམ་པ་དེ་ཁང་པའི་མཛོད་དང་ཆུ་མིག་མཚོ་སོགས་ལ་སྦ་བ་ཞིག་ཡིན། ཆོ་ག་ནི་ཆོས་ལུགས་གྲུབ་མཐའ་རང་རང་སོ་སོའི་བླ་མ་གོང་མས་མཛད་པ་རྒྱས་བསྡུས་སྣ་ཚོགས་ཡོད་ལགས།

language:
Tibetan