Skip to main content Skip to search
sgrub pa'i dam tshig nyi shu/
ID:
T43715
  • སྒྲུབ་པའི་དམ་ཚིག་ཉི་ཤུ (Tibetan, Tibetan script, Original)
    • > sgrub pa'i dam tshig nyi shu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > druppé damtsik nyishu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

the twenty samayas of accomplishment

language:
English

2. Ives Waldo Dictionary

CHN

language:
English

3. dung dkar bod rig pa'i tshig mdzod chen mo

བདེ་འདུས་ཞི་རྒྱུད་ལས། གཅན་གཟན་རྒྱལ་པོ་ཁྲི་མི་གཞིག་ཅེས་སོགས་བརྡ་ཡིས་བསྟན་པ་རྣམས་ཏེ། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་འཚེ་ཞིང་བཀའ་མི་བཅོག་པ་དང་བླ་མའི་ཡུམ་ལ་མི་སྤྱོད་་པ་དད་པ་ཅན་གྱིས་ཚོགས་མི་བཅག་པ་། དཀོན་ཆོག་དང་མཁས་པའི་དཀོར་ལ་མི་འབག་ཅིང་ཆང་ཉོས་པར་མི་འཐུང་བ་དང་རྡོ་རྗེ་སྤུན་གྱི་ཡུམ་ལ་མི་སྤྱོད་པ་དང་། མཚན་དང་མི་ལྡན་པའི་གཟུངས་མ་མི་བསྟེན་པ་དང་། མཚན་ཉིད་དང་མི་ལྡན་པའི་དམ་རྫས་མི་བསྟེན་པ་དང་། མཁས་པའི་ཡོན་ཏན་ལ་མི་སྨོད་པ་དང་། སྣོད་མིན་ལ་གསང་ཆོས་མི་སྟོན་པ། མཚན་ལྡན་གྱི་ལཟུངས་མ་དང་སྣོད་ལྡན་གྱི་སློབ་མ་མི་སྤང་བ་དང་། དོན་བདེ་སྟོང་དང་རྟགས་ཡབ་ཡུམ་མིའབྲལ་བ་དང་། མཆེད་ལྕམ་ལ་ཀྱལ་ཁ་ཙམ་དུའང་ནང་འཐབ་མི་བྱེད་པ་དང་། གཞན་གྱིས་སྤྱད་པའི་ལྷག་མ་མི་སྤྱོད་པ་དང་། བླ་མའི་གདན་ས་མི་རློམས་པ་དང་། རང་གཞན་གྱི་མཚམས་མི་དབྲལ་བ་དང་།ཏིང་ངེ་འཛིན་བྱིང་རྒོད་ཀྱི་དབང་མི་གཏོང་བ་དང་བཟླས་པ་དང་ཆོ་ག་མི་ཚིག་གི་བར་མི་གཅོད་པ་དང་ །དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་བརྡའ་མི་བརྗེད་པར་བྱ་བ་དང་། རྣལ་འབྱོར་པའི་དཀྱིལ་འཁོར་མི་དཀྲུག་ཤིང་སྐྱེ་བོའི་མཐུ་ཟློག་མི་བྱེད་པ་དང་སློབ་དཔོན་གཙུག་ཏུ་འཁུར་བ་ལས་ཉམས་པར་མི་བྱེད་པ་རྣམས་སོ། །

language:
Tibetan

4. Thupten Phuntsok Dictionary

བདེ་འདུས་ཞི་རྒྱུད་ལས། གཅན་གཟན་རྒྱལ་པོ་ཁྲི་མི་གཞིག་ཅེས་སོགས་བརྡ་ཡིས་བསྟན་པ་རྣམས་ཏེ། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་འཚེ་ཞིང་བཀའ་མི་གཅོག་པ་དང་། བླ་མའི་ཡུམ་མི་སྤྱོད་པ། དད་པ་ཅན་གྱི་ཚོགས་མི་བཅག་པ་དང་། དཀོན་མཆོག་དང་མཁས་པའི་དཀོར་ལ་མི་འབག་ཅིང་ཆང་མྱོང་པར་མི་འཐུང་དང་། རྡོ་རྗེ་སྤུན་གྱི་ཡུམ་ལ་མི་བསྟེན་པ་དང་། མཚན་དང་མི་ལྡན་པའི་གཟུངས་མ་མི་བསྟེན་པ་དང་། མཚན་ཉིད་དང་མི་ལྡན་པའི་དམ་རྫས་མི་བསྟེན་པ་དང་། མཁས་པའི་ཡོན་ཏན་ལ་མི་སྨོན་པ་དང་། སྣོད་མིན་ལ་གསང་ཆོས་མི་སྟོན་པ་དང་། མཚན་ལྡན་གྱི་གཟུངས་མ་དང་སྣོད་ལྡན་གྱི་སློབ་མ་མི་སྤང་བ་དང་། དོན་བདེ་སྟོང་དང་རྟགས་ཡབ་ཡུམ་མི་འབྲལ་བ་དང་། མཆེད་ལྕམ་ལ་ཀྱལ་ཁ་ཚམ་དུའང་ནང་འཐབ་མི་བྱེད་པ་དང་། གཞན་གྱིས་སྤྱད་པའི་ལྷག་མ་མི་སྤྱོད་པ་དང་། བླ་མའི་གདན་ས་མི་རློམས་པ་དང་། རང་གཞན་གྱི་མཚམས་མི་དབྲལ་བ་དང་། ཏིང་ངེ་འཛིན་བྱིང་རྒོད་ཀྱི་དབང་དུ་མི་དབྲལ་བ་དང་། ཏིང་ངེ་འཛིན་བྱིང་ཀྱི་དབང་དུ་མི་གཏོང་བ་དང་། བཟླས་པ་དང་ཆོ་ག་མི་ཚིག་གི་བར་མི་གཅོད་པ་དང་། དབང་རྟགས་ཀྱི་ཕྱག་མི་འདའ་ཞིང་བརྡའ་མི་བརྗེད་པར་བྱ་བ་དང་།རྣལ་འབྱོར་བའི་དཀྱིལ་འཁོར་མི་དཀྲུག་ཅིང་སྐྱེ་བོའི་མཐུ་ཟློག་མི་བྱེད་པ་དང་སློབ་དཔོན་གཙུག་ཏུ་འཁུར་བ་ལས་ཉམས་པར་མི་བྱ་བ་རྣམས་སོ། །

language:
Tibetan