Skip to main content Skip to search
bsgribs lung ma bstan/
ID:
T44842
  • བསྒྲིབས་ལུང་མ་བསྟན (Tibetan, Tibetan script, Original)
    • > bsgribs lung ma bstan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > driplung maten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

= not destined to have the kleshas ???, the kleshas of the form and formless realms 'phags lam gyi gegs su gyur pas zag med = ma bsgribs pa and by not producing the fruition of suffering, not unhappy, eg coemergent bdag lta] ???

language:
English

2. bod rgya tshig mdzod chen mo

[635] ཉོན་མོངས་ཅན་གྱི་ལུང་མ་བསྟན་ཏེ། གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་ཉོན་མོངས་པ་རྣམས་ནི་འཕགས་ལམ་གྱི་གེགས་སུ་གྱུར་པས་ཟག་མེད་ལ་བསྒྲིབས་པ་དང། སྡུག་བསྔལ་གྱི་འབྲས་བུ་མི་བསྐྱེད་པས་མི་དགེ་བ་མིན་པ། དཔེར་ན་ལྷན་སྐྱེས་ཀྱི་བདག་ལྟ་ལྟ་བུའོ། ...

language:
English

3. dung dkar bod rig pa'i tshig mdzod chen mo

ངོ་བོ་ཉོན་མོངས་པས་བསྒྲིབས་ཤིང་རྣམ་སྨིན་དགེ་མི་དགེ་གང་དུའང་ལུང་དུ་མ་བསྟན་པའི་ཆོས་རྣམས་སོ། མཚན་གཞི་ནི་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་ཐམས་ཅད་དོ། དེ་ཡང་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་ཐམས་ཅད་ནི་བསྒྲིབས་པ་ཡིན་ཏེ་འཕགས་ལམ་གྱི་གེགས་སུ་གྱུར་པས་ཟག་མེད་ལ་བསྒྲིབས་པའི་ཕྱིར་དང་ཉོན་མོངས་པ་ལ་མི་བསྒྲིབས་པ་མི་སྲིད་པའི་ཕྱིར་རོ། ལུང་མ་བསྟན་ཡིན་ཏེ་རྒྱུད་ཏེང་ངེ་འཛིན་གྱིས་ཁྱབ་པས་ཉོན་མོངས་པ་དེ་དག་གིས་རྣམ་སྨིན་ཡིད་དུ་མ་འོང་པ་འབྱིན་མི་ནུས་པའི་ཕྱིར་མི་དགེ་བ་མིན་ནོ། ། མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན་། ། འདོད་ན་འཇིག་ཚོགས་ལྟ་བ་དང་། ། མཐར་འཛིན་ལྷན་སྐྱེས་མ་རིག་པ། ། ལྷག་མ་རྣམས་ནི་འདོར་མི་དགེ་བའོ། ། ཞེས་གསུངས་པ་ལྟར་རོ། །

language:
Tibetan

4. Thupten Phuntsok Dictionary

ངོ་བོ་ཉོན་མོངས་པས་བསྒྲིབས་ཤིང་རྣམ་སྨིན་དགེ་མི་དགེ་གང་དུའང་ལུང་དུ་མ་བསྟན་པའི་ཆོས་རྣམས་སོ། །

language:
Tibetan

5. smon lam tshig mdzod chen mo

ཉོན་མོངས་ཅན་གྱི་ལུང་མ་བསྟན་ཏེ། གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་ཉོན་མོངས་པ་རྣམས་ནི་འཕགས་ལམ་གྱི་གེགས་སུ་གྱུར་པས་ཟག་མེད་ལ་བསྒྲིབས་པ་དང༌། སྡུག་བསྔལ་གྱི་འབྲས་བུ་མི་བསྐྱེད་པས་མི་དགེ་བ་མིན་པ། དཔེར་ན་ལྷན་སྐྱེས་ཀྱི་བདག་ལྟ་ལྟ་བུའོ། །

language:
Tibetan