Skip to main content Skip to search
klong rdol bla ma ngag dbang blo bzang /
ID:
T4590
  • ཀློང་རྡོལ་བླ་མ་ངག་དབང་བློ་བཟང (Tibetan, Tibetan script, Original)
    • > klong rdol bla ma ngag dbang blo bzang / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > longdöl lama ngawang lozang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Longdöl Lama Ngawang Lozang

language:
English

2. Ives Waldo Dictionary

  • ཀློང་རྡོལ་བླ་མ་ངག་དབང་བློ་བཟང་ [rab byung bcu gnyis pa'i sa phag lor 'khrungs, rgyal mchog bskal bzang rgya mtshodang pan chen dpal ldan ye shes sogs bla mar bsten, 'jamdbyangs bzhad pa dkon mchog 'jigs med dbang po sogs slob magrags ldan mang, brtsams chos mkho gnad che ba po ti chen pogcig yod, dgung grangs bdun cu don drug bzhugs]

    language:
    Tibetan
  • ཀློང་རྡོལ་བླ་མ་ངག་དབང་བློ་བཟང་

    language:
    Tibetan

3. bod rgya tshig mdzod chen mo

[49] རབ་བྱུང་བཅུ་གཉིས་པའི་ས་ཕག་ལོར་འཁྲུངས། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་བླ་མར་བསྟེན། འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོ་སོགས་སློབ་མ་གྲགས་ལྡན་མང། བརྩམས་ཆོས་མཁོ་གནད་ཆེ་བ་པོ་ཏི་ཆེན་པོ་གཅིག་ཡོད། དགུང་གྲངས་བདུན་ཅུ་དོན་དྲུག་བཞུགས། …

language:
Tibetan

4. dung dkar bod rig pa'i tshig mdzod chen mo

འཁྲུངས་ཡུལ་ཕུ་མདོ་ཞེས་པའི་གྲོང་དུ་ཡབ་སྔགས་འཆང་དབང་འབུམ་དང་། ཡུམ་འཇང་བཟའ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་ཕག(༡༧༡༩)ལོར་སྐུ་འཁྲུངས། དགུང་ལོ་བཞི་ལྔ་ལ་ཕེབས་སྐབས་ཡབ་སྔགས་འཆང་གིས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཉུང་ཤས་བསླབས་པར་མཛད། དགུང་ལོ་བདུན་པར་དགེ་སློང་བློ་བཟང་དགེ་འདུན་གྱི་དྲུང་དུ་གཙུག་ཕུད་ཕུལ་ནས་ཆོས་སྒོར་ཞུགས། དགུང་ལོ་བཅུ་གཉིས་པར་ཕུར་བུ་ལྕོག་བླ་མ་ངག་དབང་བྱམས་པ་རིན་པོ་ཆེ་ཆབ་མདོར་ཕེབས་སྐབས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས། དགུང་ལོ་ཉི་ཤུའི་ཐོག་ཆབ་མདོ་དགོན་གྱི་གླིང་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་ཆོ་ག་ཕྱག་བཞེས་ལ་སྦྱངས་པ་མཛད། ཆུ་དབར་བླ་མ་རིན་པོ་ཆེ་དགེ་འདུན་བཀྲ་ཤིས་བླ་མར་བསྟེན་ནས་ཆུ་དབར་དགོན་དུ་ལོག་ཅིག་ཙམ་བཞུགས་ཏེ་ཆོས་འགའ་ཞིག་གསན། བླ་མས་བཀའ་ཕེབས་པ་ལྟར་འབུལ་སྡུད་ལ་ཕེབས་ཤིང་། ལི་ཐང་དགོན་དུ་ལོ་གསུམ་ཙམ་བཞུགས། བསྡུས་གྲྭ་དང་ཕར་ཕྱིན་ལ་སྦྱངས། དགུང་ལོ་ཉི་ཤུ་རྩ་བཞིའི་ཐོག་ཆུ་དབར་བླ་མ་རིན་པོ་ཆེས་བཀའ་ཕེབས་པ་ལྟར་དབུས་གཙང་གི་གདན་ས་ཆེན་པོར་སློབ་གཉེར་གནང་བཞེད་ཀྱིས་ཁམས་འགྲུལ་ཨ་ཅོར་མི་བརྒྱད་དང་མཉམ་དུ་ལྷ་སར་ཕེབས། སེ་ར་བྱེས་གྲྭ་ཚང་གི་ལྷོ་པ་ཁང་ཚན་དུ་སྒྲིགས་ཞུགས་མཛད། སྒོམ་སྡེ་དགེ་བཤེས་བརྩོན་འགྲུས་སོགས་ཡོངས་འཛིན་དུ་བསྟེན་ནས་བསྡུས་གྲྭ་ཕར་ཕྱིན་སོགས་ལ་སྦྱངས། དགུང་ལོ་སུམ་ཅུའི་ཐོག་ཕུར་ལྕོག་ངག་དབང་བྱམས་པ་རིན་པོ་ཆེའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། གྲྭ་སར་ལོ་ངོ་བཅུ་ཙམ་བཞུགས་རིང་ཕུར་ལྕོག་བྱམས་པ་རིན་པོ་ཆེ་དང་། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། ལྕང་སྐྱ་རོལ་པའི་རྡོ་རྗེ་བཅས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན། དགུང་ལོ་སོ་གསུམ་ཐོག་གསང་ཕུའི་དགེ་བཤེས་གྲྭ་སྐོར་མཛད། དགུང་ལོ་སོ་དགུའི་ཐོག་རྒྱུད་སྟོད་གྲྭ་ཚང་དུ་སྒྲིགས་ཞུགས་གནང་སྟེ་ལོ་གསུམ་ཙམ་བཞུགས་རིང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་དྲུང་ནས་འགྲེལ་པ་བཞི་སྦྲགས་སོགས་རྒྱུད་པའི་ཆོས་སྐོར་གང་ཡོད་གསན། དེ་ནས་རྒྱུད་པའི་སྒྲིགས་ཁོངས་ནས་འཐེན་པ་གནང་སྟེ། རྣམ་རྒྱལ་གྲྭ་ཚང་གི་སྡེ་པ་དོན་གྲུབ་རྒྱལ་མཚན་གྱིས་སྦྱིན་བདག་ཞུས་ཏེ། སྙེ་ཐང་ཕུའི་རི་ཁྲོད་ཀློང་རྡོལ་ཟེར་བར་རྒྱུན་བཞུགས་གནང་ནས་སྒྲུབ་པ་ཉམས་བཞེས་མཛད་ཅིང་། དགུང་ལོ་ཞེ་ལྔ་ནས་བཟུང་གཙོ་བོར་མཚམས་བཅད་དང་། ཞར་ཞོར་ལ་དད་ལྡན་མང་པོས་གསོལ་བ་བཏབ་པ་ལྟར་ལམ་རིམ་བློ་སྦྱོང་བསྐྱེད་རྫོགས་ཀྱི་ཁྲིད་སོགས་བསྩལ། སྐུ་ཚེའི་རིང་སྙེ་ཐང་རྨོག་ལྕོག་ཏུ་ལོ་གསུམ། ཀློང་རྡོལ་རི་ཁྲོད་དུ་ལོ་དགུ། སྙེ་ཐང་རིན་ཆེན་གླིང་དུ་ལོ་བརྒྱད་བཅས་ལོ་ཉི་ཤུ་རྩ་གཅིག་རིང་རི་ཁྲོད་དུ་བྱ་བྲལ་རི་ཁྲོད་པ་དཀྱུས་མའི་འཚོ་བ་ལ་བརྟེན་ནས་སྒྲུབ་པ་ཉམས་བཞེས་ཀུན་གྱི་མིག་དཔེར་འོས་པ་མཛད་པས་སློབ་མ་གྲངས་ལས་འདས་པ་བྱུང་། དགུང་ལོ་དོན་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག(༡༧༩༤)ལོར་སྐུ་གཤེགས། སྐུ་གདུང་ནི་དགོངས་པ་གཞན་དོན་དུ་གཤེགས་ཁར་ཞལ་ཆེམས་གནང་བ་ལྟར། སྙེ་ཐང་གི་རི་སྒང་ས་གཙང་ས་ཞིག་ཏུ་བྱ་གཏོར་ཞུས་ཤིང་། དབུ་ཐོད་དང་སྐུ་རུས་ལ་རུས་ཆོག་མཛད་ནས་མཆོད་རྟེན་བཞེངས་པ་རི་ཁྲོད་རང་དུ་བཞུགས། གསུང་རྩོམ་པོད་ཆེན་གཅིག་དཔར་སྐྲུན་ཞུས་པ་དེང་སང་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་བརྡལ་ཆེ། རྣམ་ཐར་ལོ་རྒྱུས་སྐོར། ཀུན་བདེ་གླིང་རྟ་ཚག་བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོས་མཛད་པའི《ཀུན་སྤངས་སེམས་དཔའ་ཆེན་པོ་གྲུབ་དབང་ཀློང་རྡོལ་བླ་མ་རིན་པོ་ཆེའི་རྣམ་ཐར་རྒྱལ་སྲས་སྤྱོད་པའི་རྒྱན》ཞེས་པ་ལྷ་ས་ཞོལ་དཔར་མའི་ཤོག་གྲངས༡༧༨ཡོད་ལགས།

language:
Tibetan

5. Thupten Phuntsok Dictionary

རབ་བྱུང་བཅུ་གཉིས་པའི་ས་ཕག་ལོར་འཁྲུངས། རྒྱལ་པ་བསྐལ་བཟང་རྒྱ་མཚོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་བླ་མར་བསྟེན། འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོ་སོགས་སློབ་མ་གྲགས་ལྡན་མང་། བརྩམས་ཆོས་མཁོ་གནད་ཆེ་བ་པོ་ཏི་ཆེན་པོ་གཅིག་ཡོད། དགུང་གྲངས་བདུན་ཅུ་དོན་དྲུག་བཞུགས།

language:
Tibetan

6. smon lam tshig mdzod chen mo

རབ་བྱུང་བཅུ་གཉིས་པའི་ས་ཕག་ལོར་འཁྲུངས། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་བླ་མར་བསྟེན། འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོ་སོགས་སློབ་མ་གྲགས་ལྡན་མང༌། བརྩམས་ཆོས་མཁོ་གནད་ཆེ་བ་པོ་ཏི་ཆེན་པོ་གཅིག་ཡོད། དགུང་གྲངས་བདུན་ཅུ་དོན་དྲུག་བཞུགས།

language:
Tibetan

klong rdol bla ma ngag dbang blo bzang / has 1 other term directly related to it, which is presented here.