- ngor chen dkon mchog lhun grub/
- ID:
- T47630
- ངོར་ཆེན་དཀོན་མཆོག་ལྷུན་གྲུབ (Tibetan, Tibetan script, Original)
- > ngor chen dkon mchog lhun grub/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngorchen könchok lhündrup (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བཅུ་པ་ཡིན། རབ་བྱུང་བརྒྱད་པའི་མེ་སྦྲུལ་སྤྱི་ལོ་༡༤༩༧ལོར་ས་སྐྱར་འཁྲུངས། མུས་ཆེན་སངས་རྒྱས་རིན་ཆེན་ལས་བསྙེན་པར་རྫོགས། ཡོངས་འཛིན་དཀོན་མཆོག་འཕེལ་བ་གཙུག་གི་ནོར་བུར་བསྟེན། གཞན་ཡང་དགེ་བའི་བཤེས་གཉེན་མཐའ་ཡས་པ་ལས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་སྦྱོང་མཛད། དགུང་ལོ་སོ་བརྒྱད་པ་རབ་བྱུང་དགུ་པའི་ཤིང་རྟ་སྤྱི་ལོ་༡༥༣༤ལོ་ཟླ་བ་བཅུ་པའི་ཚེས་བརྒྱད་ཉིན་གདན་སའི་ཁུར་བཞེས་ཏེ། ལོ་ཉེར་བཞིར་གདན་ས་མཛད། འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་ཀྱི་འོད་སྣང་ཕྱོགས་ཀུན་ཏུ་ཁྱབ། རྗེ་འདིའི་ཡིག་ཆ་རྣམས་ས་སྐྱ་པ་ཡོངས་ཀྱིས་ཁུངས་ལྡན་དུ་བྱེད། ལམ་འབྲས་ཚར་སུམ་ཅུ་སོ་གསུམ་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། བདག་ཆེན་ཀུན་དགའ་བསམ་འགྲུབ་དང་། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་སོགས་སློབ་མའི་ཚོགས་མཐའ་ཡས། དགུང་ལོ་རེ་གཅིག་པ་མེ་སྦྲུལ་སྤྱི་ལོ་༡༥༥༧ལོར་སྐུ་གཤེགས་པ་ཡིན་ནོ། །
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བརྒྱད་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1497 ལོར་གཙང་ས་སྐྱར་སྐུ་འཁྲུངས། རབ་བྱུང་དགུ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ 1541 ལོར་སྐུ་གཤེགས། དགུང་ལོ་གཞོན་དུས་ནས་བོད་ཡིག་གི་སྦྱོར་ཀློག་སོགས་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་པར་རྗེ་དཀོན་མཆོག་འཕེལ་གྱི་མདུན་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། མདོ་རྒྱུད་གཞུང་ལུགས་ཀུན་ལ་འབད་པ་ཆེན་པོས་སྦྱངས་[451]ནས་མཁས་པའི་གྲགས་པ་ཐོབ། དེ་ནས་ངོར་པའི་གདན་ས་བཟུང་སྟེ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་བསྐྱངས་ནས་དུས་འདའ་བར་མཛད་དོ། ཁོང་གི་གསུང་རྩོམ་ནི《རྗེ་དཀོན་མཆོག་ལ་བསྟོད་པ་སྒྲ་རྒྱན་མེ་ཏོག་དཀར་པོའི་ཕྲེང་བ》སོགས་སྙན་ངག་གི་སྐོར་དང་། 《ས་སྐྱའི་གདུང་རབས་ཡ་རབས་ཀྱི་ཁ་རྒྱན》སོགས་རྣམ་ཐར་ལོ་རྒྱུས་ཀྱི་སྐོར། 《སངས་རྒྱས་ཀྱི་བསྟན་པའི་རྩིས་མཁས་པའི་ཁ་རྒྱན》སོགས་བསྟན་རྩིས་ཀྱི་སྐོར། 《བྱ་སྤྱོད་སྤྱིའི་ཐིག་ཚོན་གྱི་ཆོ་ག》སོགས་སྒྲུབ་ཐབས་ཀྱི་སྐོར་བཅས་ཆོས་ཚན་མ་སུམ་ཅུ་སོ་དགུ་ཡོད་པ་དེ་པོ་ཏི་གཅིག་ཏུ་བསྡུས་ནས་བཞུགས་སོ། །
- language:
- Tibetan