- dngul dug
- ID:
- T47888
- དངུལ་དུག (Tibetan, Tibetan script, Original)
- > dngul dug (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngülduk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
ལྕི་འབིགས་ལ་སོགས་པའི་དངུལ་ཆུའི་དུག་གི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། དངུལ་དུག་དངུལ་ཆུ་ལས་བྱུང་བའི། གཡའ་ལྕི་འབིགས་རྩིའི་དུག་གི་མིང་། ཞེས་དང་། སྟོད་སྨན་གཞོན་ནུ་རྒྱ་མཚོས་མཛད་པའི་གྲུབ་པའི་དངུལ་ཆུའི་བསྟན་བཅོས་ལས། བདུད་རྩི་བཅུད་རྒྱལ་ཞེས་བྱ་འདི། ནད་རྣམས་མ་ལུས་འཇོམས་པ་དང་། བཅུད་ཀྱིས་ལེན་གྱི་མཆོག་ཏུ་འགྱུར། དེ་ལ་གཡའ་དང་ལྕི་འབིགས་རྩུབ། མ་བསལ་གསེར་ལ་ལྕགས་འདྲེས་བཞིན། སྐྱོན་དེ་ལེགས་པར་བསལ་གྱུར་ན། བསྲེགས་བཅད་བརྡར་བའི་གསེར་དང་མཚུངས། དུག་དང་མ་ཕྲལ་སྲོག་འདོར་ཞིང་། སྟོབས་འབྲི་ཟུག་རྔུ་དྲག་པོ་འབྱུང་། མེ་དྲོད་ཉམས་ཤིང་དམུ་སྐྲན་སྐྱེད། མདོག་སྔོ་ལུས་སྐེམ་རྨ་འཚོ་དཀའ། རྙིལ་ཆད་སོ་བུད་མིག་འགྲིབ་སོགས། ཉེས་པ་དུ་མ་འབྱུང་བ་འགྱུར།
- language:
- Tibetan