- dngos tshul/
- ID:
- T48494
- དངོས་ཚུལ (Tibetan, Tibetan script, Original)
- > dngos tshul/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngötsül (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
སྣང་ཚུལ་ལས་ལྡོག་སྟེ་དོན་དངོས་གནས་པར་ཟེར། སྣང་ཚུལ་ནི་མིའི་དབང་པོས་རྟོགས་པའི་དངོས་པོའི་གཟུགས་དབྱིབས་འཆར་བར་ཟེར། དངོས་ཚུལ་ནི་དངོས་པོ་དེ་རང་གནས་པའི་དངོས་ཡོད་གནས་ཚུལ་ལ་ཟེར། དཔེར་ན་མེ་འཁོར་ནང་འགྲུལ་བཞུད་བྱེད་སྐབས་སུ་ལྕགས་ལམ་གཡས་གཡོན་དུ་ཡོད་པའི་ལྕང་མའམ་གློག་ཤིང་སོགས་འགུལ་ནས་འགྲོ་བ་ལྟ་བུ་མཐོང་བ་དེ་ནི་སྣང་ཚུལ་ཡིན་ཞིང་ལྕང་མའམ་གློག་ཤིང་སོགས་ས་ངོས་སྟེང་དུ་གནས་པའི་འགུལ་མེད་ཡིན་པ་དེ་ནི་དངོས་ཚུལ་ཡིན་པ་ལྟ་བུའོ། །
- language:
- Tibetan