- mngon par shes pa drug
- ID:
- T49431
- མངོན་པར་ཤེས་པ་དྲུག (Tibetan, Tibetan script, Original)
- > mngon par shes pa drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngönpar shepadruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
Hopkins' Translations: the six clairvoyances
Sanskrit: {MSA}ṣaḍ-abhijñā; {MSA}ṣaḍdhā ... abhijñā
- language:
- English
2. Rangjung Yeshe Dictionary
-
six superknowledges. The capacities for performing miracles, divine sight, divine hearing, recollection of former lives, cognition of the minds of others, and the cognition of the exhaustion of defilements
- language:
- English
-
six super-knowledges. 1) སྔོན་གྱི་སྐྱེ་གནས་ཤེས་པ་. 2) འཆི་འཕོ་གར་སྐྱེ་ཤེས་པ་ 3) མིང་དོན་མངོན་པར་ཤེས་པ་ 4) རིགས་དྲུགས་གྱི་མཚན་ཉིང་ཤེས་པ་ 5) ཆོས་ཐམས་ཅད་ཀྱི་རྒྱུད་ལུང་ཤེས་པ་ 6) དག་པ་ཡེ་ཤེས་ཀྱི་ཞིང་ཁམས་འཆར་བར་ཤེས་པ་; six super-knowledges. 1) ལྷའི་སྤྱན་ eyes of the gods. 2) ལྷའི་སྙན་ hearing of the gods. 3) ཕ་རོལ་གྱི་སེམས་ཤེས་པ་ ability to read the minds of others. 4) སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ remembrance of past lives. 5) རྫུ་འཕྲུལ་གྱི་བྱ་བ་ཞེས་པ་ ability to perform miraculous transformations. 6) ཟག་པ་སད་པ་ཤེས་པ་ ability to destroy all imperfections; [TRS 55-5]
- language:
- English
3. Ives Waldo Dictionary
-
six super-knowledges/higher perceptions [1 ལྷའི་སྤྱན་ eyes of the gods two ལྷའི་སྙན་ -}-hearing of the gods three ཕ་རོལ་གྱི་སེམས་ཤེས་པ་ ability to read the minds of others 4) སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ eemembrance of past lives 5) རྫུ་འཕྲུལ་གྱི་བྱ་བ་ཞེས་པ་ ability to perform miraculous transformations 6) ཟག་པ་སད་པ་ཤེས་པ་ ability to destroy all imperfections)
- language:
- English
-
six super-knowledges/ higher perceptions
- language:
- English
-
six super-knowledges/higher perceptions [1 ལྷའི་སྤྱན་ eyes of the gods two ལྷའི་སྙན་ -hearing of the gods three ཕ་རོལ་གྱི་སེམས་ཤེས་པ་ ability to read the minds of others 4) སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ eemembrance of past lives 5) རྫུ་འཕྲུལ་གྱི་བྱ་བ་ཞེས་པ་ ability to perform miraculous transformations 6) ཟག་པ་སད་པ་ཤེས་པ་ ability to destroy all imperfections)
- language:
- English
4. dung dkar bod rig pa'i tshig mdzod chen mo
༡ ལྷའི་མིག ལྷའི་རྣ་བ། སེམས་ཀྱི་རྣམ་གྲངས་ཤེས་པ། ལུས་ཀྱི་རྫུ་འཕྲུལ་ཤེས་པ། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ། ཟག་པ་ཟད་པ་ཤེས་པ་དང་དྲུག་གོ །ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ལས། དེ་ལ་ཐག་རིང་པོ་དང་དུས་རིང་པོ་ན་གནས་ཤིང་འབྱུང་བ་ལྐོག་ཏུ་འགྱུར་བའི་ཆོས་རྣམས་ལ་ད་ལྟར་མངོན་སུམ་དུ་དྲུང་ན་འདུག་པ་དང་འདྲ་བར་རྟོགས་ཤིང་ཤེས་པ་ནི་མངོན་པར་ཤེས་པ་ཞེས་བྱ་སྟེ། ད་ལྟར་གྱི་ལུས་ཉེ་རིང་ཇི་སྙེད་པ་དང་ཤི་ནས་གར་སྐྱེས་པའི་གཟུགས་ཐམས་ཅད་མཐོང་བ་དེ་ནི་ལྷའི་མིག་གོ སྒྲ་དང་སྐད་དང་བརྡ་སྣ་ཚོགས་ཐོས་ཤིང་གོ་བ་ནི་ལྷའི་རྣ་བའོ། སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཆེ་ཆུང་ཀུན་ཤེས་པ་ནི་སེམས་ཀྱི་རྣམས་གྲངས་ཤེས་པའོ། འབར་བ་དང་། འཕུར་བ་དང་། མང་ཉུང་དང་། བཟང་ངན་དང་། ཆུ་ལ་འགྲོ་ཞིང་ས་ལ་འབྱིང་བ་དག་ཤེས་པ་ནི་ལུས་ཀྱི་རྫུ་འཕྲུལ་ཤེས་པའོ། ད་ལྟར་གྱི་དུས་ནས་བཟུང་སྟེ། ཚེ་རབས་སྔ་མ་ལ་གནས་གང་ན་གནས་གནས་ལས་ཅི་བྱེད་པའི་ལོ་རྒྱུས་དྲན་པ་མི་སྔོན་གྱི་གནས་རྗེས་སུ་དྲན་པའོ། མཐོང་བ་དང་བསྒོམ་པས་སྤངས་པའི་ཉོན་མོངས་པ་ཅི་སྤངས་ཅི་མ་སྤངས་པའི་རིམ་པ་ཤེས་བཞིན་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་ཤེས་པ་དག་ནི་ཟག་པ་ཟད་པ་ཤེས་པའོ། ཞེས་གསུངས་སོ། ༢ ཀློང་རྡོལ་གསུང་འབུམ་ལས། རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་ཤེས། ལྷའི་རྣ་བའི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས། ཟག་ཟད་ཀྱི་མངོན་ཤེས་དང་དྲུག་གོ ཞེས་གསུངས་སོ། འདི་རྣམས་ཟག་མེས་ཡེ་ཤེས་ཉེར་གཅིག་གི་ཁོངས་སུ་གཏོགས་ལ། རྣམ་གྲངས་རྒྱ་མཚོའི་གཏེར་ལས། ལྔ་པའི་དོད་དུ་ལྷའི་མིག་གི་མངོན་ཤེས་དྲང་ངོ་། ༣ རྣམ་གྲངས་ཤེས་ལྡན་ཡིད་ཀྱི་དགའ་སྟོན་ལས། མིག་གི་མངོན་ཤེས། རྣ་བའི་མངོན་ཤེས། སྣའི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། རྫུ་འཕྲུལ་གྱི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས། ཟག་ཟད་ཀྱི་མངོན་ཤེས་རྣམས་སོ། ཞེས་དྲང་ངོ་། མངོན་ཤེས་དྲུག་ཅེས་པའང་འདི་ཉིད་དོ།
- language:
- Tibetan
5. Thupten Phuntsok Dictionary
ལྷའི་མིག ལྷའི་རྣ་བ། སེམས་ཀྱི་རྣམ་གྲངས་ཤེས་པ། ལུས་ཀྱི་རྫུ་འཕྲུལ་ཤེས་པ། སྔོན་གྱི་གནས་ཤེས་པ། ཟག་པ་ཟད་པ་ཤེས་པ་དང་དྲུག་གོ །
- language:
- Tibetan
6. Negi Tibetan-Sanskrit Dictionary
-
ṣaḍabhijñā — 1 ལྷའི་མིག divyacakṣuḥ 2 ལྷའི་རྣ་བ divyaśrotram 3 སྔོན་གྱི་གནས་རྗེས་སུ་དྲན་པ pūrvanivāsānusmṛtiḥ 4 གཞན་སེམས་ཤེས་པ paracittajñānam 5 ཟག་པ་ཟད་པ་མཁྱེན་པ āsravakṣayajñānam 6 རྫུ་འཕྲུལ ṛddhiḥ a.vi.1.1.14; dra. abhi.ko.7.42; ma.vyu.201.
- language:
- Sanskrit
-
ṣaḍabhijñāḥ, dra. མངོན་པར་ཤེས་པ།
- language:
- Sanskrit