Skip to main content Skip to search
mngon sum brgyad kyis zhi ba/
ID:
T49583
  • མངོན་སུམ་བརྒྱད་ཀྱིས་ཞི་བ (Tibetan, Tibetan script, Original)
    • > mngon sum brgyad kyis zhi ba/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngönsum gyekyi zhiwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • pacify by the 8 perceptions ['dul ba las bshad pa'i rtsod pa zhi byed chos bdun gyi nang gses te, de la'ang lung rigs kyi byed pa la brten nas blo rtse gcig tu mthun par gyur pa lta bu rgol phyir rgol gyi mngon sum dang, de nyid rang stobs kyis ma zhi na dpang pos sgrub byed bkod nas zhi ba lta bu gzu bo'i mngon sum dang, des ma zhi na rtsod pa rgyus yod pa'i dge 'dun zhig la brten nas zhi ba lta bu dge 'dun gyis zhi ba'i mngon sum dang, des ma zhi na lung rigs la mkhas pa'i dge slong bzhi yan chad gsol gnyis las kyis bskos te khong tsos zhi bar byed pa gsal ba'i mngon sum dang, des ma zhi na dge slong de dag gis yang du gsol gnyis las kyis mkhas pa bzhan bskos te zhi bar byed pa gsal ba'i gsal ba'i mngon sum dang des kyang ma zhi na gans brtan dang bcas pa'i dge 'dun la rtsod pa phul te, de dag gis zhi bar byed pa gnas brtan dang bcas pa'i dge 'dun gyi mngon sum dang, des kyang ma zhi na kyu gyis tsad mar 'dzin pa'i sde snod 'dzin pa la phul te zhi bar byed pa sde snod 'dzin pa la phul te zhi bar byed pa sde snod 'dzin pa'i mngon sum dang, des kyang ma zhi na sus kyang bka'

    language:
    English
  • pacify by the 8 perceptions

    language:
    English

2. bod rgya tshig mdzod chen mo

[692] འདུལ་བ་ལས་བཤད་པའི་རྩོད་པ་ཞི་བྱེད་ཆོས་བདུན་གྱི་ནང་གསེས་ཏེ། དེ་ལའང་ལུང་རིགས་ཀྱི་བྱེད་པ་ལ་བརྟེན་ནས་བློ་རྩེ་གཅིག་ཏུ་མཐུན་པར་གྱུར་པ་ལྟ་བུ་རྒོལ་ཕྱིར་རྒོལ་གྱི་མངོན་སུམ་དང། དེ་ཉིད་རང་སྟོབས་ཀྱིས་མ་ཞི་ན་དཔང་པོས་སྒྲུབ་བྱེད་བཀོད་ནས་ཞི་བ་ལྟ་བུ་གཟུ་བོའི་མངོན་སུམ་དང། དེས་མ་ཞི་ན་རྩོད་པ་རྒྱུས་ཡོད་པའི་དགེ་འདུན་ཞིག་ལ་བརྟེན་ནས་ཞི་བ་ལྟ་བུ་དགེ་འདུན་གྱིས་ཞི་བའི་མངོན་སུམ་དང། དེས་མ་ཞི་ན་ལུང་རིགས་ལ་མཁས་པའི་དགེ་སློང་བཞི་ཡན་ཆད་གསོལ་གཉིས་ལས་ཀྱིས་བསྐོས་ཏེ་ཁོང་ཚོས་ཞི་བར་བྱེད་པ་གསལ་བའི་མངོན་སུམ་དང། དེས་མ་ཞི་ན་དགེ་སློང་དེ་དག་གིས་ཡང་དུ་གསོལ་གཉིས་ལས་ཀྱིས་མཁས་པ་བཞན་བསྐོས་ཏེ་ཞི་བར་བྱེད་པ་གསལ་བའི་གསལ་བའི་མངོན་སུམ་དང། དེས་ཀྱང་མ་ཞི་ན་གནས་བརྟན་དང་བཅས་པའི་དགེ་འདུན་ལ་རྩོད་པ་ཕུལ་ཏེ། དེ་དག་གིས་ཞི་བར་བྱེད་པ་གནས་བརྟན་དང་བཅས་པའི་དགེ་འདུན་གྱི་མངོན་སུམ་དང། དེས་ཀྱང་མ་ཞི་ན་ཀྱུ་གྱིས་ཚད་མར་འཛིན་པའི་སྡེ་སྣོད་འཛིན་པ་ལ་ཕུལ་ཏེ་ཞི་བར་བྱེད་པ་སྡེ་སྣོད་འཛིན་པ་ལ་ཕུལ་ཏེ་ཞི་བར་བྱེད་པ་སྡེ་སྣོད་འཛིན་པའི་མངོན་སུམ་དང། དེས་ཀྱང་མ་ཞི་ན་སུས་ཀྱང་བཀའ་འདའ་བར་མི་ནུས་པའི་གནས་བརྟན་མཐུ་ལྡན་ལ་ཕུལ་ཏེ་ཁོང་གིས་ཞི་བར་བྱེད་པ་གནས་བརྟན་མཐུ་ལྡན་གྱི་མངོན་སུམ་སྟེ་བརྒྱད་དོ། ...

language:
English

3. Thupten Phuntsok Dictionary

འདུལ་བ་ལས་བཤད་པའི་རྩོད་པ་ཞི་བྱེད་ཆོས་བདུན་གྱི་ནང་གསེས་ཏེ། དེ་ལའང་ལུང་རིགས་ཀྱི་བྱེད་པ་ལ་བརྟེན་ནས་བློ་རྩེ་གཅིག་ཏུ་མཐུན་པར་གྱུར་པ་ལྟ་བུ་རྒོལ་ཕྱིར་རྒོལ་གྱི་མངོན་སུམ་དང་། དེ་ཉིད་རང་སྟོབས་ཀྱིས་མ་ཞི་ན་དཔང་པོས་སྒྲུབ་བྱེད་བཀོད་ནས་ཞི་བ་ལྟ་བུ་གཟུ་བོའི་མངོན་སུམ་དང་། དེས་མ་ཞི་ན་རྩོད་པ་རྒྱུས་ཡོད་པའི་དགེ་འདུན་གྱིས་ཞི་བའི་མངོན་སུམ་དང་། དེས་མ་ཞི་ན་ལུང་རིགས་ལ་མཁས་པའི་དགེ་སློང་བཞི་ཡན་ཆད་གསོལ་གཉིས་ལས་ཀྱིས་བསྐོས་ཏེ་ཁོང་ཚོས་ཞི་བར་བྱེད་པ་གསལ་བའི་མངོན་སུམ་དང་། དེས་མ་ཞི་ན་དགེ་སློང་དེ་དག་གིས་ཡང་དུ་གསོལ་གཉིས་ལས་ཀྱིས་མཁས་པ་གཞན་བསྐོས་ཏེ་ཞི་བར་བྱེད་པ་གསལ་བའི་གསལ་བའི་མངོན་སུམ་དང་། དེས་ཀྱང་མ་ཞི་ན་གནས་བརྟན་དང་བཅས་པའི་དགེ་འདུན་ལ་རྩོད་པ་ཕུལ་ཏེ། དེ་དག་གིས་ཞི་བར་བྱེད་པ་གནས་བརྟན་དང་བཅས་པའི་དགེ་འདུན་གྱི་མངོན་སུམ་དང་། དེས་ཀྱང་མ་ཞི་ན་ཀུན་གྱིས་ཚད་མར་འཛིན་པའི་སྡེ་སྣོད་འཛིན་པ་ལ་ཕུལ་ཏེ་ཞི་བར་བྱེད་པ་སྡེ་སྣོད་འཛིན་པའི་མངོན་སུམ་དང་། དེས་ཀྱང་མ་ཞི་ན་སུས་ཀྱང་བཀའ་འདའ་བར་མི་ནུས་པའི་གནས་བརྟན་མཐུ་ལྡན་ལ་ཕུལ་ཏེ་ཁོང་གིས་ཞི་བར་བྱེད་པ་གནས་བརྟན་མཐུ་ལྡན་གྱི་མངོན་སུམ་སྟེ་བརྒྱད་དོ། །

language:
Tibetan

4. smon lam tshig mdzod chen mo

འདུལ་བ་ལས་བཤད་པའི་རྩོད་པ་ཞི་བྱེད་ཆོས་བདུན་གྱི་ནང་གསེས་ཏེ། དེ་ལའང་ལུང་རིགས་ཀྱི་བྱེད་པ་ལ་བརྟེན་ནས་བློ་རྩེ་གཅིག་ཏུ་མཐུན་པར་གྱུར་པ་ལྟ་བུ་རྒོལ་ཕྱིར་རྒོལ་གྱི་མངོན་སུམ་དང༌། དེ་ཉིད་རང་སྟོབས་ཀྱིས་མ་ཞི་ན་དཔང་པོས་སྒྲུབ་བྱེད་བཀོད་ནས་ཞི་བ་ལྟ་བུ་གཟུ་བོའི་མངོན་སུམ་དང༌། དེས་མ་ཞི་ན་རྩོད་པ་རྒྱུས་ཡོད་པའི་དགེ་འདུན་ཞིག་ལ་བརྟེན་ནས་ཞི་བ་ལྟ་བུ་དགེ་འདུན་གྱིས་ཞི་བའི་མངོན་སུམ་དང༌། དེས་མ་ཞི་ན་ལུང་རིགས་ལ་མཁས་པའི་དགེ་སློང་བཞི་ཡན་ཆད་གསོལ་གཉིས་ལས་ཀྱིས་བསྐོས་ཏེ་ཁོང་ཚོས་ཞི་བར་བྱེད་པ་གསལ་བའི་མངོན་སུམ་དང༌། དེས་མ་ཞི་ན་དགེ་སློང་དེ་དག་གིས་ཡང་དུ་གསོལ་གཉིས་ལས་ཀྱིས་མཁས་པ་གཞན་བསྐོས་ཏེ་ཞི་བར་བྱེད་པ་གསལ་བའི་གསལ་བའི་མངོན་སུམ་དང་དེས་ཀྱང་མ་ཞི་ན་གནས་བརྟན་དང་བཅས་པའི་དགེ་འདུན་ལ་རྩོད་པ་ཕུལ་ཏེ། དེ་དག་གིས་ཞི་བར་བྱེད་པ་གནས་བརྟན་དང་བཅས་པའི་དགེ་འདུན་གྱི་མངོན་སུམ་དང༌། དེས་ཀྱང་མ་ཞི་ན་ཀུན་གྱིས་ཚད་མར་འཛིན་པའི་སྡེ་སྣོད་འཛིན་པ་ལ་ཕུལ་ཏེ་ཞི་བར་བྱེད་པ་སྡེ་སྣོད་འཛིན་པའི་མངོན་སུམ་དང༌། དེས་ཀྱང་མ་ཞི་ན་སུས་ཀྱང་བཀའ་འདའ་བར་མི་ནུས་པའི་གནས་བརྟན་མཐུ་ལྡན་ལ་ཕུལ་ཏེ་ཁོང་གིས་ཞི་བར་བྱེད་པ་གནས་བརྟན་མཐུ་ལྡན་གྱི་མངོན་སུམ་སྟེ་བརྒྱད་དོ། །

language:
Tibetan