- rngog chos sku rdo rje/
- ID:
- T50036
- རྔོག་ཆོས་སྐུ་རྡོ་རྗེ (Tibetan, Tibetan script, Original)
- > rngog chos sku rdo rje/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngokchö kudojé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Ives Waldo Dictionary
-
{rngog chos sku rdo rje
- language:
- English
-
{rngog chos sku rdo rje [mar pa'i slob ma ka chen bzhi'i nang gses, gzhung bshad chu bo'i rgyun lta bu'i bka' bab yin, khong rab byung dang po'i me byi lor 'khrungs, rab byung gnyis pa'i chu stag lor 'das]
- language:
- English
3. bod rgya tshig mdzod chen mo
[700] མར་པའི་སློབ་མ་ཀ་ཆེན་བཞིའི་ནང་གསེས། གཞུང་བཤད་ཆུ་བོའི་རྒྱུན་ལྟ་བུའི་བཀའ་བབ་ཡིན། ཁོང་རབ་བྱུང་དང་པོའི་མེ་བྱི་ལོར་འཁྲུངས། རབ་བྱུང་གཉིས་པའི་ཆུ་སྟག་ལོར་འདས། ...
- language:
- English
4. dung dkar bod rig pa'i tshig mdzod chen mo
མར་པའི་སློབ་མ་ཀ་ཆེན་བཞིའི་ཡ་རྒྱལ་ལྷོའི་ཀ་བ།( འདིའི་འཁྲུངས་ལོ་དང་གཤེགས་ལོ་ལ་བཤད་ཚུལ་མི་འདྲ་བ་གསུམ་ཙམ་འདུག <<དེབ་སྔོན>>ལྟར་ན )འདི་ཉིད་ཡབ་རྔོག་བན་ཆེན་ཁ་པ་དང་ཡུམ་འོད་ལྡན་མའི་སྲས་སུ་རབ་བྱུང་དང་པོའི་མེ་བྱི་(༡༠༣༦)ལོར་གཞུང་རི་བོར་སྐུ་འཁྲུངས། གཞོན་ནུའི་དུས་ཡབ་ཆོས་སོགས་ལ་ཐོས་བསམ་མཛད་པས་མཁས་པར་གྱུར། པ་བཟའ་ཆོས་འཚོ་ཁབ་ཏུ་བཞེས། དགེ་བཤེས་གྱེར་ཆུང་པས་གསོལ་བ་བཞིན་མར་པའི་དྲུང་དུ་བྱོན། སྔ་རྗེས་སུ་ཕྱག་རྟེན་གཏོས་ཆེ་བ་ཕུལ་ནས་དགྱེས་རྡོར་དང་། གདན་བཞི། མ་ཧཱ་མཱ་ཡཱ་རྣམས་ཀྱི་རྒྱུད་མན་ངག་དང་གདམས་ངག་དཔག་མེད་གསན། འདི་ཉིད་གཞུང་བཤད་ཆུ་བོའི་རྒྱུན་ལྟ་བུའི་བཀའ་བབས་ཡིན། རི་བོ་ཁྱུང་ལྡིང་གི་ལྷ་ཁང་བཏབ། མཐར་དགུང་ལོ་དྲུག་ཅུ་རེ་བདུན་པ་རབ་བྱུང་གཉིས་པའི་ཆུ་རྟ་( ༡༡༠༢ )ལོར་སྐུ་གཤེགས། ཁོང་གི་སློབ་མ་བ་རམ་རྩ་ཅན་དང་། པ་ཝ་བ་ཅན། རྔོག་མུན་པ་ཅན། སུམ་པ་ཕོད་ཀ་ཅན་ཏེ་ཅན་བཞི་སོགས་རིམ་པར་བྱུང་། ལོ་རྒྱུས་རྒྱས་པ་རི་བོ་ཆེ་དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའི་<<ལྷོ་རོང་ཆོས་འབྱུང>>ཤོག་གྲངས་༣༧ནས་ཤོག་གྲངས་ཁ་ཤས་ཡོད་པ་དང་། <<དེབ་ཐེར་སྔོན་པོ>>ལེ་ཚན་( ཉ )པའི་ཤོག་གྲངས་༣པའི་ནང་། <<ཆོས་འབྱུང་མཁས་པའི་དགའ་སྟོན་>>ལེ་ཚན་( ན )པའི་ནང་གྲངས་༢༠ནས་༢༡བར་བཅས་སུ་གསལ།
- language:
- Tibetan
5. Thupten Phuntsok Dictionary
མར་པའི་སློབ་མ་ཀ་ཆེན་བཞིའི་ནང་གསེས། གཞུང་བཤད་ཆུ་བོའི་རྒྱུན་ལྟ་བུའི་བཀའ་བབ་ཡིན། ཁོང་རབ་བྱུང་དང་པོའི་མེ་བྱི་ལོར་འདས།
- language:
- Tibetan
6. smon lam tshig mdzod chen mo
མར་པའི་སློབ་མ་ཀ་ཆེན་བཞིའི་ནང་གསེས། གཞུང་བཤད་ཆུ་བོའི་རྒྱུན་ལྟ་བུའི་བཀའ་བབ་ཡིན། ཁོང་རབ་བྱུང་དང་པོའི་མེ་བྱི་ལོར་འཁྲུངས། རབ་བྱུང་གཉིས་པའི་ཆུ་སྟག་ལོར་འདས།
- language:
- Tibetan