Skip to main content Skip to search
cog ro klu'i rgyal mtshan/
ID:
T52725
  • ཅོག་རོ་ཀླུའི་རྒྱལ་མཚན (Tibetan, Tibetan script, Original)
    • > cog ro klu'i rgyal mtshan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chokro lügyemtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Chok-Ro Lui Gyaltsen. Early Tibetan translator of great importance and one of the twenty-five disciples of Padmasambhava who recognized him as an incarnate bodhisattva. He worked closely with Vimalamitra, Jnanagarbha, Jinamitra and Surendrabohi. He is vital to the continuation of the Vinaya lineage in Tibet. Having attained realization at Chuwori, he aided Padmasambhava in transcribing and concealing terma treasures. The great tertön Karma Lingpa (14th cent.) is regarded as an reincarnation of Chok-Ro Lui Gyaltsen. [

language:
English

2. Ives Waldo Dictionary

  • ཅོག་རོ་ཀླུའི་རྒྱལ་མཚན་ [8th century in the time of khri srong lde btsan 1 of three tr ska cog and zhang, tr dgongs pa nges 'grel gyi rgya chen 'grel in 40 vol, nges pa'i don dbu ma, sher phyin mdor bsdus, chos gtan la dbab pa'i gal etc]

    language:
    Tibetan
  • ཅོག་རོ་ཀླུའི་རྒྱལ་མཚན་

    language:
    Tibetan

3. bod rgya tshig mdzod chen mo

[735] དུས་རབས་བརྒྱད་པར་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ལོ་ཙཱ་བ་ཞིག་ཡིན་ཞིང། ཁོང་གིས་དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེན་འགྲེལ་བ་བམ་པོ་བཞི་བཅུ་དང། ངེས་པའི་དོན་དབུ་མ། ཤེར་ཕྱིན་མདོར་བསྡུས། ཆོས་གཏན་ལ་དབབ་པའི་གལ་སོགས་བསྒྱུར། ...

language:
English

4. dung dkar bod rig pa'i tshig mdzod chen mo

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡིན་ལ། ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན། འདི་ཉིད་ཀྱི་འགྱུར་ལ། <<འཁོར་ལོ་དང་པོར་གཏོགས་པ་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མདོར་བསྡུས་ནས་སྟོན་པ་ཕའི་སོ་ཐར་གྱི་མདོ>>ཤོ་ལོ་ཀ་བདུན་བརྒྱ། བམ་པོ་གཉིས་པ། <<དེའི་དོན་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད>>ཤོ་ལོ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་གྱ་གསུམ་པ། <<དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རེ་བཞི་བསྡུས་ནས་སྟོན་པ་མའི་སོ་ཐར་གྱི་མདོ>>ཤོ་ལོ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ།

language:
Tibetan

5. Thupten Phuntsok Dictionary

དུས་རབས་བརྒྱད་པར་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ལོ་ཙཱ་བ་ཞིག་ཡིན་ཞིང་། ཁོང་གིས་དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེན་འགྲེལ་བ་བམ་པོ་བཞི་བཅུ་དང་། ངེས་པའི་དོན་དབུ་མ། ཤེར་ཕྱིན་མདོར་བསྡུས། ཆོས་གཏན་ལ་དབབ་པའི་གལ་སོགས་བསྒྱུར།

language:
Tibetan

6. smon lam tshig mdzod chen mo

དུས་རབས་བརྒྱད་པར་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ལོ་ཙཱ་བ་ཞིག་ཡིན་ཞིང༌། ཁོང་གིས་དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེན་འགྲེལ་བ་བམ་པོ་བཞི་བཅུ་དང༌། ངེས་པའི་དོན་དབུ་མ། ཤེར་ཕྱིན་མདོར་བསྡུས། ཆོས་གཏན་ལ་དབབ་པའི་གལ་སོགས་བསྒྱུར།

language:
Tibetan

7. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་རྟེན་རབ་བྱུང་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན་ཏེ། རྔོག་བློ་ལྡན་ཤེས་རབ་ཀྱིས་ “བེེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་ཞིག་འདྲ། རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་མཚུངས།” ཞེས་བསྔགས་བརྗོད་མཛད་འདུག ཁོང་གི་བསྒྱུར་རྩོམ་ནི《བཀའ་འགྱུར》ལས《དགེ་སློང་ཕའི་སོ་ཐར་གྱི་མདོ》ཤོ་ལོ་ཀ་བདུན་བརྒྱ་དང་། 《དེའི་དོན་རྒྱ་ཆེར་བཤད་[506]པ་ཕའི་རྣམ་འབྱེད》ཤོ་ལོ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ། 《དགེ་སློང་མའི་སོ་ཐར་གྱི་མདོ》ཤོ་ལོ་ཀ་བརྒྱད་བརྒྱ། 《འདུལ་གཞུང་ཕྱི་མ》ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ། 《འདུལ་གཞུང་ཕྱི་མ་ཞུ་བ་རྫོགས་པ》ཤོ་ལོ་ཀ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ། 《འཕགས་པ་ཆོས་ཀྱི་ཕྱག་རྒྱའི་མདོ》ཤོ་ལོ་ཀ་བརྒྱད་ཅུ་བ། 《འཕགས་པ་གྲོང་ཁྱེར་གྱིས་འཚོ་བའི་མདོ》ཤོ་ལོ་ཀ་བརྒྱ་བ། 《བྱ་རྒྱུད》《ཤེས་རབ་བསྐྱེད་པའི་གཟུངས》བཅས་དང་། 《བསྟན་འགྱུར》ལས《མི་འཁྲུགས་པའི་སྒྲུབ་ཐབས》དང་། 《སྦྱིན་སྲེག་གི་ཆོ་ག》། 《དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ》། 《དབུ་མ་རྩ་བའི་འགྲེལ་བ་ག་ལས་འཇིགས་མེད》། 《དབུ་མ་རྩ་བའི་འགྲེལ་བ》། 《དབུ་མ་རྩ་བའི་འགྲེལ་བ་ཤེས་རབ་སྒྲོན་མ》། 《དབུ་མ་རྩ་བའི་འགྲེལ་བ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་བ》། 《སོར་ཐར་མདོའི་རྒྱ་ཆེར་འགྲེལ་བ་ཀུན་ལས་བཏུས་པ》། 《སོ་སོར་ཐར་བའི་ཚིག་གི་བརྗེད་བྱང་།》 《འདུལ་བ་ལུང་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ》 《འདུལ་བ་མདོ་རྩ》ཤོ་ལོ་ཀ་ཉིས་སྟོང་བདུན་བརྒྱ། 《ཆོ་ག་ལག་ལེན་བརྒྱ་རྩ་གཅིག》 ཤོ་ལོ་ཀ་སུམ་སྟོང་བདུན་བརྒྱ། 《འདུལ་བ་མདོའི་རྒྱ་ཆེར་འགྲེལ་བ》 ཤོ་ལོ་ཀ་ཉིས་ཁྲི་ཆིག་སྟོང་བཅས་མང་དུ་བཞུགས་སོ། །

language:
Tibetan