- bco lnga mchod pa/
- ID:
- T54183
- བཅོ་ལྔ་མཆོད་པ (Tibetan, Tibetan script, Original)
- > bco lnga mchod pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > chonga chöpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
Butter Lamp Festival [15th of 1st month]
- language:
- English
-
Butter lamp festival in Tibet [15th. of the first Tibetan month]
- language:
- English
2. Ives Waldo Dictionary
-
Butter lamp festival [15th of 1st month]
- language:
- English
-
Butter lamp festival
- language:
- English
3. Jim Valby Dictionary
religious service on 15th of 1st tibetan month, butter sculpture offering ritual (done on the 15th of the first Tibetan month in Lhasa)
- language:
- English
4. bod rgya tshig mdzod chen mo
[756] བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཆོ་འཕྲུལ་དུས་ཆེན་ཏེ། རྗེ་ཙོང་ཁ་པས་ཕྱག་སྲོལ་བཏོད་པའི་མཛད་ཆེན་བཞིའི་གྲས་ཤིག་...
- language:
- English
5. dung dkar bod rig pa'i tshig mdzod chen mo
བོད་ཟླ༡ཚེས༡༥ཉིན་ཆོ་འཕྲུལ་གྱི་དུས་ཆེན་དངོས་གཞི་སྟེ་སྔར་འཕགས་ཡུལ་གྱི་མཉན་ཡོད་གནས་ཞེས་བྱ་བར་ཤཱཀྱ་ཐུབ་པས་རྫོགས་བྱེད་དང་། གནག་ལྷས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལ་བ་ཅན་བཅས་མུ་སྟེགས་ཀྱི་སྟོན་པ་དྲུག་ཆོ་འཕྲུལ་གྱི་མཛད་པས་ཕམ་པར་མཛད་པ་དེ་ལ་ཆོ་འཕྲུལ་དུས་ཆེན་དུ་འབོད་པ་ཡིན། ཉིན་དེར་གཙུག་ལག་ཁང་གི་ཁྱམས་རར་གདན་ས་ཆེན་པོ་གསུམ་གྱི་བླ་སྤྲུལ་དགེ་འདུན་རྣམས་ཉིན་དགུང་སྐམ་ཚོགས་་སྨོན་ལམ་ཆེན་མོའི་མཆོད་འབུལ་དང་། དགོང་དྲོ་བར་བསྐོར་འཁོར་ཡུག་ཏུ་སྲིད་གཞུང་དང་། རྒྱལ་སྤྲུལ་སོགས་བླ་བྲང་ཆེ་ཁག མཁན་པོ་ཁག རྒྱུད་གྲྭ་སྟོད་སྨད། བཀའ་བློན་རྣམ་པ། རྩེ་ཤོད་ཕྱག་མཛོད་དང་། ཡབ་གཞིས། སྡེ་དཔོན་ཆེ་ཁག ལྷ་གཉེར་སོགས་ཀྱིས་མར་ཚོན་ལས་བཞེངས་པའི་མཆོད་པ་གཙོ་འཁོར་ལྔ་དང་། གཙོ་འཁོར་གསུམ་ཡོད་པའི་མཐོ་ཚད་ཐོག་བརྩེགས་གསུམ་་ལྷག་ཙམ་དང་། དམའ་ཚད་ཐོག་བརྩེགས་གཉིས་ཡས་མས་རྒྱན་སྤྲོས་ཁང་བཟང་རྒྱ་ཕིབས་ནང་ཐུབ་པའི་སྐུ་བརྙན་དང་། རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས། མཆོད་པའི་ལྷ་མོ། སྦྱིན་བདག་ཧྭ་ཤང་། ཚེ་རིང་དྲུག་བསྐོར། མཐུན་པ་སྤུན་བཞི། གསེར་འབྲུག་དང་གཡུ་འབྲུག མེ་ཏོག་སོགས་མར་གྱིས་བཅོས་པ་བཟོ་བཀོད་ཕུན་སུམ་ཚོགས་པ་དང་དེའི་མདུན་མར་མེ་དང་མཆོད་པ་མང་པོ་བསྒྲིགས་གཤོམས་ཐོག་ཏཱ་ལའི་བླ་མ་དབུ་གཡབ་མེད་པའི་ཕེབས་བྱམས་དུ་བཞུགས་འཁོད་དང་འབྲེལ་ཆིབས་རགས་སུ་གུང་བཀའ་བློན། ཛ་དར་ཏཱ་ཐའི་སོགས་དྲུང་རིགས་སེར་སྐྱ་རྣམས་མཚན་རིམ་བཞིན་བསྟར་བསྒྲིགས་ཀྱིས་ཕེབས་ཏེ་མཆོདགཟིགས་མཛད། ཏཱ་ལའི་བླ་མ་དང་སྲིད་སྐྱོང་མཆོད་གཟིགས་སུ་ཆིབས་བསྒྱུར་མེད་སྐབས་བཀའ་ཤག་ནས་མཆོད་གཟིགས་གནང་གི་ཡོད་པས་སྡེབ་ཟིང་མི་བྱུང་ཆེད་སྔར་ལམ་གཟིམ་པ་ནས་སྲང་ལམ་གྱི་འགག་ཚང་མར་ཐག་རྒྱ་བསྐོར། འབྲས་སྤུངས་ཚོགས་ཆེན་ཞལ་ངོ་གཉིས། ཆབ་བདག་མ་གཉིས། ཞང་པོ་ཤིང་གཉེར། དགེ་གཡོག་ཉི་ཤུ་རྩ་གཅིག ཐབ་གཡོག་ཉི་ཤུ་ཐམ་པ་བཅས་ནས་སྔོན་ཙམ་དུ་བསྐྱོད། བཀའ་་བློན་རྣམ་པ་མཆོད་པ་སོ་སོའི་མདུན་དུ་ཕེབས་སྐབས་མཆོད་ཁྲི་སོ་སོ་ནས་མཇལ་དར་རེ་ཕུལ་བ་རང་སློག་གྱོན། བཀའ་དྲུང་རྒན་པས་མཆོད་ཐོ་ཀློག་སྟེ་མཆོད་པ་ལེགས་ཞེར་ཨང་ཐོ་བཀོད། མཆོད་པ་སོ་སོའི་ཁྱད་ཆོས་འདྲ་མིན་གྱི་གསང་ཐག་གི་གཟིགས་མོ་འབུལ་བ་སོགས་བར་བསྐོར་འཁོར་མཚམས་གཟིམས་པས་ཐག་རྒྱ་གློད། དེ་ནས་མི་དམངས་རྣམས་མཆོད་པ་མཇལ་དུ་འགྲོ་བ་ཙམ་མ་ཟད། ཉེ་འཁོར་གྲོང་གསེབ་པ་ཚོ་དང་ཚོ་བྱས་ནས་མཆོད་པའི་མདུན་དུ་མཆོད་པ་མཚོན་བྱེད་སྒོར་གཞས་བཏང་ནས་ནུབ་མོ་ཐག་མ་ཆོད་པར་སང་ཉིན་ནམ་ལངས་པའང་ཡོང་གི་ཡོད།
- language:
- Tibetan
6. Thupten Phuntsok Dictionary
བོད་ཟླ་དང་པོའི་ཚེས་བཅོ་ལྔ་ལ་གཙུག་ལག་ཁང་དུ་ཚོགས་པའི་ཆོ་འཕྲུལ་དུས་ཆེན་ཏེ། རྗེ་ཙོང་ཁ་པས་ཕྱག་སྲོལ་བཏོད་པའི་མཛད་ཆེན་བཞིའི་གྲས་ཤིག
- language:
- Tibetan
7. smon lam tshig mdzod chen mo
བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཆོ་འཕྲུལ་དུས་ཆེན་ཏེ། རྗེ་ཙོང་ཁ་པས་ཕྱག་སྲོལ་བཏོད་པའི་མཛད་ཆེན་བཞིའི་གྲས་ཤིག
- language:
- Tibetan