- bcom ldan ral gri/
- ID:
- T54243
- བཅོམ་ལྡན་རལ་གྲི (Tibetan, Tibetan script, Original)
- > bcom ldan ral gri/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > chomden reldri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. dung dkar bod rig pa'i tshig mdzod chen mo
(བཅོམ་ལྡན་རིག་པའི་རལ་གྲི་ཡང་ཞུ)དུས་རབས་བཅུ་གཉིས་པའི་དུས་མགོར་བྱུང་བའི་མཁས་པ་ཆེན་པོ་ཞིག འདི་ཉིད་སྐུ་ན་ཆུང་དུས་སྣར་ཐང་དགོན་པར་མཚན་ཉིད་རིག་པ་སློབ་གཉེར་མཛད་ཅིང་། སློབ་གཉེར་ལ་འབད་འརྩོན་ཆེན་པོ་གནང་རྐྱེན་མཁས་པའི་རྩེ་མོར་སོན། དབུས་པ་བློ་གསལ་སངས་རྒྱས་འབུམ་དང་ལྷན་དུ་སྣར་ཐང་གི་བཀའ་འགྱུར་དང་བསྟན་འགྱུར་ལ་ཞུས་དག་གནང་ནས་བཀའ་བསྟན་གཉིས་ཀྱི་དཀར་ཆག་ཉི་མའི་འོད་ཟེར་ཞེས་བྱ་བ་བརྩམས་གནང་མཛད། གཞན་ཡང་ཚད་མ་རིག་པའི་འགྲེལ་པ་དང་། གསོ་བ་རིག་པའི་བསྟན་བཅོས་སོགས་་གསུང་རྩོམ་པོད་བཅུ་དྲུག་ཙམ་བཞུགས། སློབ་མའི་མཆོག་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་། བཙུན་པ་འཇམ་སྒེག་གམ་འཇམ་ཉེག་སོགས་མང་དུ་བྱོན། རྗེ་འདི་དཔལ་སྣར་ཐང་གི་ཆོས་གྲྭ་ཆེན་པོར་བཞུགས་པའི་སྐབས་མཆིམས་ནམ་མཁའ་གྲགས་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་རིགས་ལམ་ཀུན་ལ་མཁས་པར་སྦྱངས་པས་སྙན་གྲགས་ཆེས་ཆེར་ཐོན་པ་མ་ཟད་བོད་དུ་བཀའ་འགྱུར་རོ་ཅོག་གི་གྲངས་དང་། བམ་ཚད། འགྱུར་བྱང་སོགས་ངེས་ངེས་མཛད་ཅིང་། བསྟན་བཅོས་རྣམས་ཀྱང་སྔར་བས་རྒྱ་ཆེར་ལེགས་པར་བཏུས་ཏེ་སོ་སོར་ཕྱེ་ནས་ནང་གསེས་མདོ་དང་རྒྱུད་སོགས་མ་འདྲེས་གསལ་བར་འབྱེད་པའི་ཚན་ཚན་དུ་འདུ་བའི་བསྟན་པ་རྒྱས་པར་བྱ་བ<<གསོ་དཔྱད་རྒྱན་གྱི་མེ་ཏོག>>ཅེས་པ་སོགས་གསུང་རྩོམ་པོད་བཅུ་དྲུག་ཙམ་མཛད་པར་གྲགས། སྟག་ལོའི་དུས་འཁོར་གྱི་སྤྱི་དོན་ན། བཅོམ་ལྡན་རིག་རལ་གྱིས་དུས་འཁོར་ལ་བརྟེན་པའི་བསྟན་རྩིས་གཙོ་བོར་མཛད་ཅེས་གསུངས། རྗེ་འདིའི་སློབ་མ་བཙུན་པ་འཇམ་དབྱངས་པས་སྣག་སྨྱུག་གི་མཐུན་རྐྱེན་བསྐྲུན་ཅིང་། དབུས་པ་བློ་གསལ་བ་དང་། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་གསུམ་གྱིས་ཕྱག་རོགས་ཞུས་ནས་བཀའ་བསྟན་གྱི་ཕྱི་མོ་གང་ཡོད་བསྡུས་ཏེ་དཀར་ཆག་ཉི་མའི་འོད་ཟེར་ཞེས་བྱ་བ་འགོད་པར་མཛད། ཁ་བའི་ལྗོངས་འདིར་བཀའ་བསྟན་གྱི་མ་ཕྱི་ཐོག་མ་ནི་བཅོམ་ལྡན་རིག་རལ་གྱིས་བསྡུས་པའི་སྣར་ཐང་གི་བཀའ་བསྟན་འདི་ཁོ་ན་ཡིན་པར་གྲགས། རབ་བྱུང་ལྔ་པ་མེ་ཡོས(༢༡༦༧)ལོར་རྒྱལ་པོ་ཁཱང་གིས་འཕགས་པ་རིན་པོ་ཆེ་སླར་ཡང་ཧོར་ཡུལ་དུ་འབྱོན་རྒྱུའི་གདན་ཞུ་བྱས་པས་འཕགས་པས་ལས་ཚན་བཅུ་གསུམ་གྱི་བཀོད་སྒྲིག་སོགས་མཛད་དེ་སྤྲོས་རྒྱས་ཆེན་པོ་གནང་བ་ལ་བཅོམ་ལྡན་རིག་པའི་རལ་གྲིས། སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་སྒྲིབ། །སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར། སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་ལུགས་འཛིན། །འདི་གསུམ་མ་རྟོགས་འཕགས་པ་མིན་པར་གོ། །ཞེས་ཟུར་ཟའི་ཚིག་ཕུལ་བ་ལ་དེའི་ལན་དུ་འཕགས་པ་རིན་པོ་ཆེས། བསྟན་པ་འཕེལ་འགྲིབ་ཡོང་བ་རྒྱལ་བས་གསུངས། །སེམས་ཅན་བདེ་སྐྱིད་རང་རང་ལས་ལ་རག། གང་ལ་གང་འདུལ་དེ་ལ་དེ་སྟོན་བྱེད། །འདི་གསུམ་མ་རྟོགས་མཁས་པ་མིན་པར་གོ། ཞེས་བཀའ་ལན་བསྩལ་བར་གྲགས། རྗེ་འདིའི་འཁྲུངས་འདས་སོགས་རྣམ་ཐར་ཞིབ་པ་མ་རྙེད། གཞན་ཡང་ཚད་མ་རིག་པའི་འགྲེལ་པ། གསོ་བ་རིག་པའི་བསྟན་བཅོས་སོགས་གསུང་རྩོམ་བཅུ་དྲུག་ཙམ་ཡོད། ལོ་རྒྱུས་ཉུང་བསྡུས<<དེབ་ཐེར་སྔོན་པོ>>ལེ་ཚན[ཆ]པའི་ཤོག་གྲངས༥ནས༦བར་གསལ།
- language:
- Tibetan
4. Thupten Phuntsok Dictionary
(བཅོམ་ལྡན་རིག་པའི་རལ་གྲི་ཡང་ཞུ) དུས་རབས་བཅུ་གཉིས་པའི་དུས་མགོར་བྱུང་བའི་མཁས་པ་ཆེན་པོ་ཞིག འདི་ཉིད་སྐུ་ན་ཆུང་དུས་གཙང་སྣར་ཐང་དགོན་པར་མཚན་ཉིད་རིག་པ་སློབ་གཉེར་མཛད་ཅིང་། སློབ་གཉེར་ལ་འབད་བརྩོན་ཆེན་པོ་གནང་རྐྱེན་མཁས་པའི་རྩེ་མོར་སོན། དབུས་པ་བློ་གསལ་སངས་རྒྱས་འབུམ་དང་ལྷན་དུ་སྣར་ཐང་གི་བཀའ་འགྱུར་དང་བསྟན་འགྱུར་ལ་ཞུས་དག་གནང་ནས་བཀའ་བསྟན་གཉིས་ཀྱི་དཀར་ཆག་ཉི་མའི་འོད་ཟེར་ཞེས་བྱ་བ་བརྩམས་གནང་མཛད། གཞན་ཡང་ཚད་མ་རིག་པའི་འགྲེལ་པ་དང་། གསོ་བ་རིག་པའི་བསྟན་བཅོས་སོགས་གསུང་རྩོམ་པོད་བཅུ་དྲུག་ཙམ་བཞུགས། སློབ་མའི་མཆོག་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་། བཙུན་པ་འཇམ་སྒེག་གམ་འཇམ་ཉེག་སོགས་མང་དུ་བྱོན། རྗེ་འདི་དཔལ་སྣར་ཐང་གི་ཆོས་གྲྭ་ཆེན་པོར་བཞུགས་པའི་སྐབས་མཆིམས་ནམ་མཁའ་གྲགས་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་རིགས་ལམ་ཀུན་ལ་མཁས་པར་སྦྱངས་པས་སྙན་གྲགས་ཆེས་ཆེར་ཐོན་པ་མ་ཟད་བོད་དུ་བཀའ་འགྱུར་རོ་ཅོག་གི་གྲངས་དང་། བམ་ཚད། འགྱུར་བྱང་སོགས་ངེས་ངེས་མཛད་ཅིང་། བསྟན་བཅོས་རྣམས་ཀྱང་སྔར་བས་རྒྱ་ཆེར་ལེགས་པར་བཏུས་ཏེ་སོ་སོར་ཕྱེ་ནས་ནང་གསེས་མདོ་དང་རྒྱུད་སོགས་མ་འདྲེས་གསལ་བར་འབྱེད་པའི་ཚན་ཚན་དུ་འདུ་བའི་བསྟན་པ་རྒྱས་པར་བྱ་བགསོ་དཔྱད་རྒྱན་གྱི་མེ་ཏོག》ཅེས་པ་སོགས་གསུང་རྩོམ་པོད་བཅུ་དྲུག་ཙམ་མཛད་པར་གྲགས། རྗེ་འདིའི་སློབ་མ་བཙུན་པ་འཇམ་དབྱངས་པས་སྣག་རྨྱུག་གི་མཐུན་རྐྱེན་བསྐྲུན་ཅིང་། དབུས་པ་བློ་གསལ་བ་དང་། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་གསུམ་གྱིས་ཕྱག་རོགས་ཞུས་ནས་བཀའ་བསྟན་གྱི་ཕྱི་མོ་གང་ཡོད་བསྡུས་ཏེ་དཀར་ཆག་ཉི་མའི་འོད་ཟེར་ཞེས་བྱ་བ་འགོད་པར་མཛད། ཁ་བའི་ལྗོངས་འདིར་བཀའ་བསྟན་གྱི་མ་ཕྱི་ཐོག་མ་ནི་བཅོམ་ལྡན་རིག་རལ་གྱིས་བསྡུས་པའི་སྣར་ཐང་གི་བཀའ་བསྟན་འདི་ཁོ་ན་ཡིན་པར་གྲགས། གཞན་ཡང་ཚད་མ་རིག་པའི་འགྲེལ་པ། གསོ་བ་རིག་པའི་བསྟན་བཅོས་སོགས་གསུང་རྩོམ་བཅུ་དྲུག་ཙམ་བཞུགས།
- language:
- Tibetan