Skip to main content Skip to search
lci chos brgyad/
ID:
T54909
  • ལྕི་ཆོས་བརྒྱད (Tibetan, Tibetan script, Original)
    • > lci chos brgyad/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chichögyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

2. Thupten Phuntsok Dictionary

སྔོན་ཆོག་བཅུའི་ནང་གསེས། སྐྱེ་དགུའི་བདག་མོ་སོགས་ཀྱིས་ལྕི་ཆོས་བརྒྱད་བསླབ་པར་ཁས་བླངས་པས་བསྙེན་པར་རྫོགས་པ་སྟེ། ལྕི་ཆོས་བརྒྱད་ནི། ཕའི་དགེ་འདུན་ལས་བསྙེན་པར་རྫོགས་པ་དང་། ཟླ་བ་ཕྱེད་ཕྱེད་ལས་དགེ་སློང་ལས་གདམས་པ་ནོད་པ་དང་། ཕའི་དགེ་སློང་ཡོད་སར་དབྱར་ཁས་ལེན་པ་དང་། གཉིས་ཀའི་ཚོགས་ལས་དགག་དབྱེ་བྱ་བ་དང་། ལྕི་བའི་ཆོས་ལས་འདས་ན་ཚོགས་གཉིས་ཀྱི་དགེ་འདུན་ལ་མགུ་བ་སྤྱད་པ་དང་། དགེ་སློང་གི་ཚུལ་ཁྲིམས་འཆལ་བ་སྤྱད་པ་དང་། དགེ་སློང་གི་ཚུལ་ཁྲིམས་འཆལ་བ་མི་བརྗོད་པ་དང་། དགེ་སློང་ལ་ཅི་འདྲི་བ་སོགས་མི་བྱེད་པ་དང་། དགེ་སློང་གསར་བུ་ལའང་ཕྱག་འཚལ་བ་སོགས་གུས་པ་བྱ་བ་རྣམས།

language:
Tibetan

3. smon lam tshig mdzod chen mo

སྔོན་ཆོག་བཅུའི་ནང་གསེས། སྐྱེ་དགུའི་བདག་མོ་སོགས་ཀྱིས་ལྕི་ཆོས་བརྒྱད་བསླབ་པར་ཁས་བླངས་པས་བསྙེན་པར་རྫོགས་པ་ལྕི་ཆོས་བརྒྱད་ནི། ཕའི་དགེ་འདུན་ལས་བསྙེན་པར་རྫོགས་པ་དང༌། ཟླ་བ་ཕྱེད་ཕྱེད་ལས་དགེ་སློང་ལས་གདམས་པ་ནོད་པ་དང༌། ཕའི་དགེ་སློང་ཡོད་སར་དབྱར་ཁས་ལེན་པ་དང་གཉིས་ཀའི་ཚོགས་ལས་དགག་དབྱེ་བྱ་བ་དང༌། ལྕི་བའི་ཆོས་ལས་འདས་ན་ཚོགས་གཉིས་ཀྱི་དགེ་འདུན་ལ་མགུ་བ་སྤྱད་པ་དང༌། དགེ་སློང་གི་ཚུལ་ཁྲིམས་འཆལ་བ་མི་བརྗོད་པ་དང༌། དགེ་སློང་ལ་ཅོ་འདྲི་བ་སོགས་མི་བྱེད་པ་དང༌། དགེ་སློང་གསར་བུ་ལའང་ཕྱག་འཚལ་བ་སོགས་གུས་པ་བྱ་བ་རྣམས།

language:
Tibetan