- chu rtsa 'ja' byed/
- ID:
- T57474
- ཆུ་རྩ་འཇའ་བྱེད (Tibetan, Tibetan script, Original)
- > chu rtsa 'ja' byed/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > chutsa jajé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
འབྱུང་འགྱུར་ངོ་བོ་ལོག་པའི་སྐབས་ཀྱི་བྱེད་ལས་ལ་བལྟོས་ནས་བཏགས་པའི་ལྟག་ཟུར་སྤུ་འཁྱིལ་ཐད་ནས་ཕྱིར་ཐོན་པའི་ཀླད་པ་ལས་གྱེས་པའི་དབང་རྩའི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཆུ་རྩ་འཇའ་བྱེད་ནི། ལྟག་ཟུར་སྤུ་འཁྱིལ་ནས་ཕྱིར་ཐོན་ཏེ་ལག་པའི་མཐེབ་མོར་འབྲེལ་བའི་རྩ་དཀར་གྱི་མིང་སྟེ། རྩ་འདི་ལ་སྐྱོན་བྱུང་ན་ཡན་ལག་རྣམས་འཇའ་བར་བྱེད་པས་ན་འཇའ་བྱེད་ཅེས་བཤད་དོ། །ཞེས་གསུངས་པ་ལྟར་དང་། རྩ་དེ་ཉིད་ཀླད་པ་ནས་ལུས་ལ་གྱེས་ཚུལ་ནི། མན་ངག་ཡོན་ཏན་རྒྱུད་ལས། འཇའ་བྱེད་ལྟག་ཟུར་སྤུ་འཁྱིལ་གཉིས་སུ་དོན། ཨན་སྟོང་འགྲམ་ནས་ཕྲག་བརྒྱུད་དཔུང་སོག་མཚམས། དཔུང་འཛུམ་ཚིགས་མིག་ལག་གཞུག་ཕྱི་མཆན་འགྲིམས། གྲུ་མོའི་ཚིགས་བསྐོར་ལག་པའི་མཐེབ་མོར་འབྲེལ།
- language:
- Tibetan