Skip to main content Skip to search
chos khrims/
ID:
T59537
  • ཆོས་ཁྲིམས (Tibetan, Tibetan script, Original)
    • > chos khrims/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chötrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: religious law{SW,GZ}

SW added this record

language:
English

2. Rangjung Yeshe Dictionary

religious laws, monastic laws, [monastic] discipline, rules and regulations

language:
English

3. Ives Waldo Dictionary

religious/ monastic/ dharma laws/ discipline/ rules and regulations/ precepts

language:
English

4. Jim Valby Dictionary

religious or monastic discipline

language:
English

5. bod rgya tshig mdzod chen mo

[830] སོ་བྱང་སྔགས་གསུམ་གྱི་བསླབ་ཁྲིམས་དང་དགོན་པའི་བཅའ་ཁྲིམས། ...

language:
English

6. dung dkar bod rig pa'i tshig mdzod chen mo

སྟོན་པ་སངས་རྒྱས་ཀྱི་དགེ་སློང་དང་དགེ་ཚུལ། རབ་བྱུང་བཅས་ལ་སོ་སོའི་བསམ་བློའི་ཆུ་ཚད་དང་མཐུན་པའི་ཁྲིམས་གཏན་འབེབས་གནང་བ་དེ་ལ་ཆོས་ཁྲིམས་ཟེར། ཁོ་ཚོས་ཁྲིམས་དེ་ལས་འགལ་བ་བྱུང་ན་སང་གི་ནམ་མ་ལངས་ཚུན་ཆད་རང་གི་ཁྲིམས་གྲོགས་དང་ཡང་ན་རང་སྡོམ་པ་རིགས་མཚུངས་ཡིན་པའི་སྡོམ་ལྡན་ཞིག་ལ་རང་གི་ཉེས་པ་ངོས་ལེན་ཞུས་ཚེ་ཟླ་བ་ཁ་ཤས་རིང་དམན་པའི་བྱ་སྤྱོད་ལྔ་དང་ལེན་ཞུས་ཏེ་ཉེས་ཆད་བཅད་པ་ཙམ་གྱིས་འཐུས་པ་ལས། སྒྲིགས་འཛུགས་ནས་ཕུད་པའི་ཉེས་ཆད་གཅོད་མི་དགོས། གལ་ཏེ་ཁྲིམས་འགལ་བྱེད་པོས་ཁྲིམས་ལས་འགལ་ནས་ངོས་ལེན་མ་ཞུས་པར་སང་ཉིན་གྱི་ནམ་ལངས་ན་ཁྲིམས་ལས་འགལ་ནས་ཞག་གཅིག་སོང་ཟིན་པས་ཚོགས་པའི་སྒྲིགས་འཛུགས་ནང་ནས་ཕུད་པའི་ཆད་ལས་ཐོབ་པ་སོགས་ཉེས་ཆད་ལྕི་ཡང་གི་རིམ་པ་མི་འདྲ་བ་ཡོད་པ་མ་གཏོགས་ལུས་ཀྱི་ཐོག་ཉེས་བརྡུང་དང་། འཛིན་བཟུང་བྱས་པ། བཙོན་དུ་འཇུག་པ་སོགས་ཀྱི་ཁྲིམས་གཅོད་བྱེད་མི་ཆོག་པ་ཡིན། འོན་ཀྱང་། བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར་རྗེས་གོང་དུ་བཤད་པའི་ཆོས་ཁྲིམས་དེས་དགོན་པའི་ནང་དུ་ཡོད་པའི་གྲྭ་པའི་ཆོས་ཁྲིམས་ལེགས་པོ་ཡོང་བའི་འགན་སྲུང་བྱེད་མི་ཐུབ་པར་གྱུར་པ་དང་ཆབས་ཅིག དགོན་པ་ཁག་ལ་བྲན་གཡོག་དང་། མི་སེར། མཆོད་གཞིས་བཅས་ཡོད་པའི་དབང་གིས་ཁོ་ཚོར་བཀས་བཀོད་བརྒྱུད་འཛིན་གྱི་ཁྲིམས་ལུགས་ལག་བསྟར་བྱེད་པ་དང་འདྲ་བར་དགོན་པའི་ནང་གི་ཁྲིམས་འགལ་གྲྭ་པ་ཚོར་ཡང་ཉེས་བརྡུང་དང་བཙོན་འཇུག་སོགས་བཀས་བཀོད་བརྒྱུད་འཛིན་གྱི་ཁྲིམས་ལུགས་ལག་བསྟར་བྱེད་ཀྱི་ཡོད་སྟབས་ཁྲིམས་ལུགས་ལག་བསྟར་བྱེད་སྟངས་ཐད་བཀས་བཀོད་བརྒྱད་འཛིན་གྱི་སྲིད་གཞུང་དང་ཁྱད་པར་མེད་པ་དེ་འདྲ་བྱུང་བ་ཡིན།

language:
Tibetan

7. Thupten Phuntsok Dictionary

སོ་བྱང་སྔགས་གསུམ་གྱི་བསླབ་ཁྲིམས་དང་དགོན་པའི་བཅའ་ཁྲིམས།

language:
Tibetan

8. smon lam tshig mdzod chen mo

སོ་བྱང་སྔགས་གསུམ་གྱི་བསླབ་ཁྲིམས་དང་དགོན་པའི་བཅའ་ཁྲིམས།

language:
Tibetan

10. Lokesh Chandra Tibetan-Sanskrit dictionary

Sanskrit:
dharmaśāstra

11. Negi Tibetan-Sanskrit Dictionary

dharmaśāstram ma.vyu.7095; mi.ko.43kha

language:
Sanskrit
Sanskrit:


  • dharmaśāstram
  • dharmaśāstra