- chos 'khor tha ma/
- ID:
- T59554
- ཆོས་འཁོར་ཐ་མ (Tibetan, Tibetan script, Original)
- > chos 'khor tha ma/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > chönkhor tama (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Ives Waldo Dictionary
-
the final promulgation od the wheel of dharma [in indefinite realms]
- language:
- English
-
the final promulgation od the wheel of dharma
- language:
- English
3. Thupten Phuntsok Dictionary
ཤེས་བྱ་ཀུན་ཁྱབ་ལས། འཁོར་ལོ་ཐ་མའི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག མཐར་ཐུག་པའི་དོན་ལ་དགོངས་ནས་གཙོ་བོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་པའོ། །དེའི་མཚན་གཞི་ནི། ཕལ་པོ་ཆེ་དང་ལང་ཀར་གཤེགས་པ་སོགས་དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་གཙོ་བོར་སྟོན་པའི་ཕྱོགས་ཀྱི་གསུང་རབ་རྣམས་ཡིན་ནོ། །དེ་དག་ལ་ཅིའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་བར་གི་ཆོས་ཐམས་ཅད་ཀུན་བརྟགས་གཞན་དབང་། ཡོངས་གྲུབ་སྟེ་མཚན་ཉིད་གསུམ་དུ་ལེགས་པར་ཕྱེས་ནས་གཙོ་བོར་གསུངས་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་གསུངས་སོ། ཡུལ་གང་དང་དུས་གང་དུ་འཁོར་གང་ལ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ཞེ་ན།ངེས་དོན་དབང་དུ་བྱས་པའི་དམ་པ་ཚད་བཟུང་ཅི་ཞིག་ཡོད་ཀྱང་། རང་རེ་སོ་སོའི་སྣང་ངོར་རི་མ་ལ་ཡ་དང་། བྱང་ཆུབ་སྙིང་པོ་དང་། ཡངས་པ་ཅན་སོགས་སུ། དུས་མ་ངེས་པར་གསུངས་པར་འདི་ཁོ་ན་ཉིད་དོ་ཞེས་མཐའ་གཅིག་ཏུ་བཞག་དཀའ་ཞེས་ནང་པའི་ཆོས་འབྱུང་ཁག་ལས་གསུངས། འཁོར་གང་ལ་གསུངས་ཞེན། ཤེས་བྱ་ཀུན་ཁྱབ་ལས། གཙོ་བོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་ཞེས་གསུངས། བཀའ་འགྱུར་དཀར་ཆག་ཟླ་འོད་གཞོན་ནུའི་འཁྲི་ཤིང་ལས། མ་ངེས་པའི་རིགས་ཅན་རྣམས་ལ་གསུངས་ཞེས་སོ། །
- language:
- Tibetan