Skip to main content Skip to search
bka' brgyad bde gshegs 'dus pa/
ID:
T5966
  • བཀའ་བརྒྱད་བདེ་གཤེགས་འདུས་པ (Tibetan, Tibetan script, Original)
    • > bka' brgyad bde gshegs 'dus pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kagyé deshek düpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

  • བཀའ་བརྒྱད་བདེ་འདུས་, Kabgye Deshek Düpa, Eight Commands, Union of the Sugatas. Terma in 9 or 13 volumes revealed by ཉང་རལ་ཉི་མ་འོད་ཟེར་, Nyang Ral Nyima Özer (1124-1192), alias མངའ་བདག་མྱང་རལ་ཉི་མ་འོད་ཟེར་

    language:
    Tibetan
  • rites of mnga bdag nyang ral nyi ma 'od zer

    language:
    English

2. Ives Waldo Dictionary

བཀའ་བརྒྱད་བདེ་གཤེགས་འདུས་པ་ [terma w 9 or 13 vol. by ཉང་རལ་ཉི་མའི་འོད་ཟེར་

language:
Tibetan

3. dung dkar bod rig pa'i tshig mdzod chen mo

གསང་སྔགས༌སྔ་འགྱུར་གྱི་ཆོས་འབྱུང་ལས་གསུངས་ཚུལ་ལ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཧེ་རུ་ཀས་འོག་མིན་གྱི་གནས་སུ་འདུལ་བྱ་ཞི་བས་འདུལ་བ་རྣམས་ཀྱི་དོན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་གཙོ་བོའི་སྐུར་བཞེངས་ཏེ་རྒྱུད་རྣམས་གསུངས་ཤིང་། དྲག་པོས་འདུལ་དགོས་པ་རྣམས་ལ་ཧེ་རུ། ཀཿཁྲོ་བོ་ཆེན་པོའི་སྐུར་བཞེངས་ཏེ་ཁྲོ་བོ་སྔོན་འབྱུང་གི་དཀྱིལ་འཁོར་ཆེན་པོ་རྒྱས་འབྲིང་བསྡུས་གསུམ་སོགས་གསུངས་པ་དེ་ལ་ཞི་ཁྲོ་སྤྱིའི་རྒྱུད་དང་བྱེ་བྲག་གི་རྒྱུད་གཉིས། དང་པོ། ཞི་ཁྲོ་སྤྱིའི་རྒྱུད་དེ་ལ་རྒྱུད་སྡེ་ལྔ་ཡོད་པ་སྟེ། ༡བདེ་གཤེགས་ཐམས་ཅད་འདུས་པ་རྩ་བའི་རྒྱུད། ༢ཕྱི་མ་ངེས་པར་འབྱུང་བའི་རྒྱུད། ༣ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། ༤མ་ཚང་བ་ཁ་སྐོང་གི་རྒྱུད། ༥འབྱེད་བྱེད་ལྡེ་མིག་གི་རྒྱུད་དང་ལྔ་ཡིན། གཉིས་པ། བྱེ་བྲག་གི་རྒྱུད་ལ་རྩ་རྒྱུད་དང་། ཡན་ལག་གི་རྒྱུད་གཉིས་ཡོད་པའི་དང་པོ་རྩ་རྒྱུད་ལ། སྒོས་རྒྱུད་བཅུ་ཡོད་པ་སྟེ། ༡ཞི་བ་འདུས་པ་རྩ་བའི་རྒྱུད། ༢ཆེ་མཆོག་འདུས་པ་རྩ་བའི་རྒྱུད། ༣ཁྲག་འཐུང་འདུས་པ་རྩ་བའི་རྒྱུད། ༤གཤིན་རྗེ་འདུས་པ་རྩ་བའི་རྒྱུད། ༥དབང་ཆེན་འདུས་པ་རྩ་བའི་རྒྱུད། ༦འཕྲིན་ལས་འདུས་པ་རྩ་བའི་རྒྱུད། ༧མ་མོ་འདུས་པ་རྩ་བའི་རྒྱུད། ༨དྲེགས་ཅན་འདུས་པ་རྩ་བའི་རྒྱུད། ༩་དྲག་སྔགས་འདུས་པ་རྩ་བའི་རྒྱུད། ༡༠ཞི་ཁྲོ་གཉིས་ཀ་འདུས་པ་རྩ་བའི་རྒྱུད་བཅས་ཡིན། གཉིས་པ་ཡན་ལག་གི་རྒྱུད་ལ། འཇམ་དཔལ་གསང་རྒྱུད་སོགས་འཇམ་དཔལ་སྐུའི་རྒྱུད་སོ་བཞི། རྟ་མཆོག་རོལ་པ་སོགས་པདྨ་གསུང་གི་རྒྱུད་བཅུ་གཉིས། ཧེ་རུ་ཀཿགལ་པོ་དང་ཀུན་འདུས་རིག་པ་སོགས་ཡང་དག་ཐུགས་ཀྱི་རྒྱུད་བཅོ་བརྒྱད། བདུད་རྩི་རོལ་པ་བམ་པོ་བརྒྱད་པ་སོགས་བདུད་རྩི་ཡོན་ཏན་གྱི་རྒྱུད་དགུ་བྱི་ཏོ་ཏཱ་མ་ལ་འབུམ་སྡེ་སོགས་ཕ་རྒྱུད་བཅུ་གཉིས། ཕུར་པ་མ་རྒྱུད་སྐོར་ལ་བཅུ་གཉིས། ཕུར་པ་ཕ་རྒྱུད་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ། ལོ་མའི་རྒྱུད་བཞི། མེ་ཏོག་གི་རྒྱུད་བཅུ། འབྲས་བུའི་རྒྱུད་བཞི། མ་ཚང་བ་ཁ་སྐོང་གི་རྒྱུད་ལྔ་སོགས་ཡན་ལག་གི་རྒྱུད་གྲངས་ལས་འདས། མ་མོ་གསང་བ་གཏན་ཚིགས་ཀྱི་རྒྱུད་ལ་རྩ་རྒྱུད་ལེའུ་བརྒྱ་རྩ་བརྒྱད། རྒྱུད་ཕྱི་མ་ལེའུ་གཅིག་ཤེལ་མཚོ་དྭངས་པ་སོགས་དཀར་མོ་སྐུའི་རྒྱུད་དགུ་ཙིཏྟ་གདོང་བཟློག་སོགས་སྨུག་མོ་གསུང་གི་རྒྱུད་བཞི། སྨུག་ནག་འཁྱིལ་བ་སོགས་ནག་མོ་ཐུགས་ཀྱི་རྒྱུད་བདུན། སེར་མོ་ཡོན་ཏན་གྱི་རྒྱུད་དང་། ལྗང་མོ་འཕྲིན་ལས་ཀྱི་རྒྱུད་རེ་རེ་སོགས་མཁའ་འགྲོའི་སྒོས་རྒྱུད་ཤིན་ཏུ་མང་བ་འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་ལ་དྲེགས་པ་འདུས་པ་སོགས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ་དང་ཡན་ལག་གི་རྒྱུད་ལ་སྡེ་དཔོན་སུམ་ཅུའི་སྒོས་རྒྱུད་སོགས་ཡོད། དམོད་པ་དྲག་སྔགས་ཀྱི་རྒྱུད་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ་དང་སྡེ་དཔོན་བཅོ་བརྒྱད་སོ་སོའི་སྒོས་རྒྱུད་སོགས་མང་པོ་ཡོད་པར་གསུངས། དེ་རྣམས་ཀྱི་ལོ་རྒྱུས་དང་བོད་དུ་ཇི་ལྟར་བྱུང་ཚུལ་སྐོར《དེབ་ཐེར་སྔོན་པོ》ལྕགས་དཔར་མའི་སྟོད་ཆ་དུམ་བུ་གསུམ་པ་གསང་སྔགས་སྔ་འགྱུར་གྱི་སྐབས་ཤོག་གྲངས་༡༣༥ནས༢༠༠བར་དང་། 《མཁས་པའི་དགའ་སྟོན》ལྕགས་དཔར་མའི་སྟོད་ཆ། 《གསང་སྔགས་རྙིང་མའི་ཆོས་འབྱུང》གི་ཤོག་གྲངས༥༥༡ནས༦༡༤བར་གསུངས་པ་རྣམས་ཕན་ཚུན་བསྡུར་ནས་གཟིགས་ན་ལེགས།

language:
Tibetan

4. Thupten Phuntsok Dictionary

གསང་སྔགས་སྔ་འགྱུར་གྱི་ཆོས་འབྱུང་ལས་གསུངས་ཚུལ་ལ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཧེ་རུ་ཀས་འོག་མིན་གྱི་གནས་སུ་གདུལ་བྱ་ཞི་བས་འདུལ་བ་རྣམས་ཀྱི་དོན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་གཙོ་བོའི་སྐུར་བཞེངས་ཏེ་རྒྱུད་རྣམས་གསུངས་ཤིང་། དྲག་པོས་འདུལ་དགོས་པ་རྣམས་ལ་ཧེ་རུ་ཀ་ཁྲོ་བོ་ཆེན་པོའི་སྐུར་བཞེངས་ཏེ་ཁྲོ་བོ་སྔོན་འབྱུང་གི་དཀྱིལ་འཁོར་ཆེན་པོ་རྒྱས་འབྲིང་བསྡུས་གསུམ་སོགས་གསུང་པ་དེ་ལ་ཞི་ཁྲོ་སྤྱིའི་རྒྱུད་དང་བྱེ་བྲག་གི་རྒྱུད་གཉིས་སོ།

language:
Tibetan