- mchin pa zho sha/
- ID:
- T61019
- མཆིན་པ་ཞོ་ཤ (Tibetan, Tibetan script, Original)
- > mchin pa zho sha/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > chinpa zhosha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Ives Waldo Dictionary
-
མཆིན་པ་ཞོ་ཤ་ med. tree ['bras bu dmar smug mchin pa'i mdog dbyibs can zhig ste, ro mngar la kha ba, zhu rjes snyoms, nus pas mchin pa'i dug nad dang, rtsa dkar gyi nad sel
- language:
- Tibetan
-
མཆིན་པ་ཞོ་ཤ་ med. tree
- language:
- Tibetan
4. bod rgya tshig mdzod chen mo
[847] ཤིང་སྨན་གྱི་རིགས་འབྲས་བུ་དམར་སྨུག་མཆིན་པའི་མདོག་དབྱིབས་ཅན་ཞིག་སྟེ། རོ་མངར་ལ་ཁ་བ། ཞུ་རྗེས་སྙོམས། ནུས་པས་མཆིན་པའི་དུག་ནད་དང། རྩ་དཀར་གྱི་ནད་སེལ། ...
- language:
- English
5. dag yig gsar bsgrigs
- is related to
- mchin pa/
མདོག་མཆིན་པ་དང་མཚུངས་ཤིང་། དབྱིབས་གོར་ཉམས་ཡོད་པའི་རྩི་ཤིང་གི་འབྲས་བུ་ཞིག་ཡིན་ཞིང་སྨན་དུ་བྱེད་ཆོག
- language:
- Tibetan
6. Thupten Phuntsok Dictionary
འདི་ཀོང་ཤིས་དང་། ཀོང་ཏུང་། ཐའེ་ཝན། ཡུན་ནན་གྱི་པའོ་ཧྲན། ཏེ་ཧུང་སོགས་རྒྱ་ནག་གི་ས་ཁུལ་དང་། རང་ལྗོངས་ཀྱི་མེ་ཏོག་རྫོང་སོགས་ཀྱི་▲སྨི1000མན་གྱི་ཚ་བ་ཆེ་བའི་ཡུལ་གྲུའི་ནགས་གསེབ་ཏུ་སྐྱེ་བའི་ཡལ་ཕྲན་ལྕུག་མའི་རྒྱུན་ལྗང་ཤིང་ཆེན་གྱི་རིགས་ཏེ། སྒྲོ་དབྱིབས་ཀྱི་ལོ་ལྡེབ་སྒོར་ནར་ཁ་སྤྲོད་དུ་སྐྱེ་བའི་ལོ་རྐང་སྲད་ལོ་འདྲ་བ་དང་། ཟླ་3~4པར་མེ་ཏོག་སེར་པ་ཞིབ་ལ་དྲི་ཞིམ་པ་འཆར་ཞིང་། ཡལ་རྗེས་གང་བུ་ལེབ་ནར་རིང་ཚད་སྨི་0.3~1ཙམ་ཟིན་པ་ལ་ནང་ཚིགས་10~30ཙམ་ཡོད་ཅིང་ཚིགས་བར་རེར་འབྲས་བུ་རེ་ཡོད་པ་དེ་དག་ཟླ་8པར་ཡོངས་སུ་སྨིན་པ་ཞིག་གོ། རོ་མངར་ཁ། ཞུ་རྗེས་བསིལ། ནུས་པས་མཆིན་ཚད་དང་མཆེར་ཚད་སེལ། མཆིན་དུག་དང་རྩ་དཀར་གྱི་ནད་ལ་ཕན། གློ་བའི་ནད་ལའང་ཕན་པར་གསུངས།
- language:
- Tibetan
7. smon lam tshig mdzod chen mo
ཤིང་སྨན་གྱི་རིགས་འབྲས་བུ་དམར་སྨུག་མཆིན་པའི་མདོག་དབྱིབས་ཅན་ཞིག་རོ་མངར་ལ་ཁ་བ། ཞུ་རྗེས་སྙོམས། ནུས་པས་མཆིན་པའི་དུག་ནད་དང༌། རྩ་དཀར་གྱི་ནད་སེལ།
- language:
- Tibetan
mchin pa zho sha/ has 1 other term directly related to it, which is presented here.