- 'ching byed lcags brgyad/
- ID:
- T62331
- འཆིང་བྱེད་ལྕགས་བརྒྱད (Tibetan, Tibetan script, Original)
- > 'ching byed lcags brgyad/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > chingjé chakgyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
The 8 binding metals [binding the poison of mercury, these pacifying 8 metals are: gser dang, dngul, zangs, lcags, 'khar ba, ra gan, zha nye, gsha' dkar bcas so,.gold silver copper iron bronze brass tin]
- language:
- English
-
The 8 binding metals
- language:
- English
2. bod rgya tshig mdzod chen mo
[866] དངུལ་ཆུའི་དུག་འཆིང་བ་ལྟར་གནས་དེར་ཞི་བར་བྱེད་པའི་ལྕགས་བརྒྱད་དེ་གསེར་དང། དངུལ། ཟངས། ལྕགས། འཁར་བ། ར་གན། ཞ་ཉེ། གཤའ་དཀར་བཅས་སོ། ...
- language:
- English
3. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་དངུལ་ཆུའི་དུག་འཆིང་བྱེད་ལྕགས་དང་། ཞ་ཉེ། ཟངས། ར་གན། འཁར་བ། གསེར་། དངུལ། གཤའ་དཀར་བཅས་བརྒྱད་ཀྱི་བསྡུས་མིང་སྟེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བ་གྲུབ་པའི་བཅུད་ལེན་དུ་བསྒྱུར་བའི་ལག་ལེན་ལས། ཐབས་མཆོག་ལྕགས་ཀྱིས་སྲིད་པའི་འཕོ་བ་འཆིངས། ཡེ་ཤེས་ཁམས་ཀྱིས་ཀན་ཉོན་དུག་རིགས་ཟ། ཞེས་དང་། འབིགས་བྱེད་དུག་ཀྱང་ཟ་ཞིང་ས་ནུས་ལ། ཞི་བྱེད་ཀུན་གྱི་ལོག་གནོན་ཁྱད་པར་ཅན། ཞེས་གསུངས་པ་ལྟར་དང་། འཆིངས་བྱེད་ལྕགས་དེ་ལ་ནང་གསེས་སུ་དབྱེ་ན་བརྒྱད་ཡོད་དེ། དངུལ་ཆུ་གྲུབ་པའི་བསྟན་བཅོས་ལས། རང་བྱུང་ལྕགས་དང་རྡོ་ལྕགས་དང་། ཞ་ཉེ་ཟངས་དང་ར་གན་དང་། འཁར་བ་གསེར་དང་དེ་བཞིན་དངུལ། གཤའ་ཚེ་དཀར་པོ་ཐམས་ཅད་ལ། བཀྲུ་ཞིང་བསྡད་པར་བྱ་བ་ཡིན། ཞེས་གསུངས་པ་ལྟར་ལས་རང་བྱུང་ལྕགས་དང་རྡོ་ལྕགས་གཉིས་གཅིག་ཏུ་འདྲེན་པས་བརྒྱད་དོ། །
- language:
- Tibetan
4. smon lam tshig mdzod chen mo
དངུལ་ཆུའི་དུག་འཆིང་བ་ལྟར་གནས་དེར་ཞི་བར་བྱེད་པའི་ལྕགས་བརྒྱད་དེ་གསེར་དང༌། དངུལ། ཟངས། ལྕགས། འཁར་བ། ར་གན། ཞ་ཉེ། གཤའ་དཀར་བཅས་སོ།
- language:
- Tibetan