- 'jang sa dam/
- ID:
- T63557
- འཇང་ས་དམ (Tibetan, Tibetan script, Original)
- > 'jang sa dam/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > jangsadam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
'jang yul region [presently in the great region of yun nan to the west kyi ta li dang li cang etc. village/local district, sa dam ni of that particular of li cang only is the name, by combining splintered families which in the king of Tibet Songtsen Gampo's time were only few they got rulership of the region, from 649 to 902, for 253 years khva la kag, kag lo bong etc. 13 kings in succession arose. By the rulers of Tibet these were called younger brothers and, the kings of thang too wang gi 'ja' sa lan du ma bstsal, t' ming in the case of royal succession to that lord of the region the status of 'jang sa or king was given.]
- language:
- English
-
'jang yule region
- language:
- English
2. bod rgya tshig mdzod chen mo
[884] འཇང་ཡུལ་ནི་ད་ལྟ་ཡུན་ནན་ཞིང་ཆེན་ནུབ་རྒྱུད་ཀྱི་ཏ་ལི་དང་ལི་ཅང་ལ་སོགས་པའི་ཡུལ་གྲུ་སྤྱི་དང། ས་དམ་ནི་དེའི་བྱེ་བྲག་ལི་ཅང་ཁོ་ནའི་མིང་ཡིན། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཙམ་ལ་གྲངས་ཉུང་མི་རིགས་འགས་མཉམ་འབྲེལ་གྱིས་ས་ཕྱོགས་དེ་དབང་དུ་བསྒྱུར། སྤྱི་ལོ་649ནས་902བར་ལོ་གྲངས་ཉིས་བརྒྱ་ང་གསུམ་གྱི་རིང་ལ་ཁྭ་ལ་ཀག་དང། ཀག་ལོ་བོང་སོགས་རྒྱལ་པོ་བཅུ་གསུམ་རིམ་པར་བྱུང་བ་དེ་དག་ལ་བོད་བཙན་པོ་དག་གིས་བཙན་པོའི་གཅུང་ཞེས་ཟེར་ཞིང། ཐང་གི་རྒྱལ་པོས་ཀྱང་ཝང་གི་འཇའ་ས་ལན་དུ་མ་བསྩལ། ཏཱ་མིང་རྒྱལ་རབས་ཀྱི་སྐབས་སུ་ཡུལ་རྗེ་དེ་ལ་འཇང་ས་དམ་རྒྱལ་པོ་ཞེས་པའི་གོ་གནས་གནང། ... 253... ༼649-902༽ ...
- language:
- English
3. Thupten Phuntsok Dictionary
འཇང་ཡུལ་ནི་ད་ལྟ་ཡུན་ནན་ཞིང་ཆེན་ནུབ་རྒྱུད་ཀྱི་ཏ་ལི་དང་ལི་ཅང་ལ་སོགས་པའི་ཡུལ་གྲུ་སྤྱི་དང་། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཙམ་ལ་གྲངས་ཉུང་མི་རིགས་འགས་མཉམ་འབྲེལ་གྱིས་ས་ཕྱོགས་དེ་དབང་དུ་བསྒྱུར། སྤྱི་ལོ་༦༤༩ནས་༩༠༢བར་ལོ་གྲངས་ཉིས་བརྒྱ་ང་གསུམ་གྱི་རིང་ལ་ཁྭ་ལ་ཀག་དང་། ཀག་ལོ་བོང་སོགས་རྒྱལ་པོ་བཅུ་གསུམ་རིམ་པར་བྱུང་བ་དེ་དག་ལ་བོད་བཙན་པོ་དག་གིས་བཙན་པོའི་གཅུང་ཞེས་ཟེར་ཞིང་། ཐང་གི་རྒྱལ་པོས་ཀྱང་ཝང་གི་འཇའ་ས་ལན་དུ་མ་བསྩལ། ཏཱ་མིང་རྒྱལ་རབས་ཀྱི་སྐབས་སུ་ཡུལ་རྗེ་དེ་ལ་འཇང་ས་དམ་རྒྱལ་པོ་ཞེས་པའི་གོ་གནས་གནང་།
- language:
- Tibetan
4. smon lam tshig mdzod chen mo
འཇང་ཡུལ་ནི་ད་ལྟ་ཡུན་ནན་ཞིང་ཆེན་ནུབ་རྒྱུད་ཀྱི་ཏ་ལི་དང་ལི་ཅང་ལ་སོགས་པའི་ཡུལ་གྲུ་སྤྱི་དང༌། ས་དམ་ནི་དེའི་བྱེ་བྲག་ལི་ཅང་ཁོ་ནའི་མིང་ཡིན། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཙམ་ལ་གྲངས་ཉུང་མི་རིགས་འགས་མཉམ་འབྲེལ་གྱིས་ས་ཕྱོགས་དེ་དབང་དུ་བསྒྱུར། སྤྱི་ལོ་649 ནས་902 བར་ལོ་གྲངས་ཉིས་བརྒྱ་ང་གསུམ་གྱི་རིང་ལ་ཁྭ་ལ་ཀག་དང༌། ཀག་ལོ་བོང་སོགས་རྒྱལ་པོ་བཅུ་གསུམ་རིམ་པར་བྱུང་བ་དེ་དག་ལ་བོད་བཙན་པོ་དག་གིས་བཙན་པོའི་གཅུང་ཞེས་ཟེར་ཞིང༌། ཐང་གི་རྒྱལ་པོས་ཀྱང་ཝང་གི་འཇའ་ས་ལན་དུ་མ་བསྩལ། ཏཱ་མིང་རྒྱལ་རབས་ཀྱི་སྐབས་སུ་ཡུལ་རྗེ་དེ་ལ་འཇང་ས་དམ་རྒྱལ་པོ་ཞེས་པའི་གོ་གནས་གནང༌། 253 649902
- language:
- Tibetan