Skip to main content Skip to search
'jam dbyangs mkhyen brtse chos kyi blo gros/
ID:
T63780
  • འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས (Tibetan, Tibetan script, Original)
    • > 'jam dbyangs mkhyen brtse chos kyi blo gros/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang khyentsé chökyi lodrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

1893-1959 - Jamyang Khyentse Chökyi Lodrö, one of the most influential contemporary masters of Tibet

language:
English

2. Jim Valby Dictionary

1896-1959

language:
English

3. Thupten Phuntsok Dictionary

སྤྱི་ལོ་༡༨༩༣ལོར་འཁྲུངས། དགུང་ལོ་བདུན་པར་ཀཿཐོག་སི་ཏུས་ཀཿཐོག་ཏུ་གདན་དྲངས་ཏེ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྤྲུལ་སྐུར་མངའ་གསོལ་མཛད་ཅིང་མཚན་ལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་བཏགས། སི་ཏུའི་ཡོངས་འཛིན་ལས་ཡི་གེ་འབྲི་ཀློག་ནས་བཟུང་སྤྱོད་འཇུག་གཞུང་བཤད་དང་སྔོན་འགྲོའི་ཁྲིད་སོགས་མནོས། དགུང་ལོ་བཅོ་ལྔ་པར་རྫོང་གསར་བླ་བྲང་ནང་མ་འཆམ་པའི་རྐྱེན་གྱིས། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་དབང་ཕྱུག་སྒ་ལེན་དགོན་དུ་བཞུགས་དགོས་པ་བྱུང་བ་དང་ཀཿཐོག་སི་ཏུས་ཀཿཐོག་མཁྱེན་བརྩེ་རྫོང་གསར་དུ་བཏང་ནས་གནས་སྐབས་དགོན་བདག་གནང་བར་རྗེས་སུ་རྫོང་གསར་དགོན་པའི་གདན་ཁྲི་པ་གཙོ་བོར་གྱུར། ཀཿཐོག་སི་ཏུ་ཀུན་བཟང་དཔལ་ལྡན་དང་མཁན་པོ་སྐལ་བཟང་སོགས་ལས་བྱམས་ཆོས་དང་མངོན་མཛོད་དབུ་མ་སྡོམ་གསུམ་རབ་དབྱེ་སོགས་ཞིབ་ཁྲིད་གསན། ངོར་དཔོན་སློབ་བློ་གཏེར་དབང་པོ་དང་བྲག་ར་རིན་པོ་ཆེ་ལས་རྒྱུད་སྡེའི་དབང་ཆེན་མང་པོ་ཞུས། ཞེ་ཆེན་རྒྱལ་ཚབ་ལས་གཏེར་རྙིང་སྐོར་དང་གདམས་ངག་མཛོད་སོགས་གསན། སྒ་ངག་དབང་ལེགས་པ་ལས་ལམ་འབྲས་སློབ་བཤད་དང་འཇིགས་བྱེད་མཁའ་སྤྱོད་སྐོར་ཞུས། དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ནས་གསང་འདུས་དབང་ཆེན་གསན་པ་སོགས་མདོར་ན་ས་དགེ་བཀའ་རྙིང་གི་སྐྱེས་ཆེན་དུ་མ་ལས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་རྒྱ་མཚོའི་བཅུད་ལ་རོལ་ཏེ་བསྟན་པའི་བདག་པོ་ཆེན་པོར་གྱུར། སྒྲུབ་ཐབས་ཀུན་བཏུས་དང་རྒྱུད་སྡེ་ཀུན་བཏུས། རིན་ཆེན་གཏེར་མཛོད། གསུང་ངག་ལམ་འབྲས་སོགས་ཀྱི་ཆོས་སྐོར་མང་པོར་གསུངས། བསྟན་བཅོས་བརྩམས་པ་དང་དགོན་སྡེ་གསར་འདེབས་སོགས་བསྟན་པའི་མཛད་རྗེས་བླ་ན་མེད་པ་བཞག་གནང་ནས་མཐར་སྤྱི་ལོ༡༩༥༩ས་ཕག་ཟླ་བ༥ཚེས༦ལ་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་སྐུ་གཤེགས།

language:
Tibetan