Skip to main content Skip to search
'jam dbyangs rin chen rgyal mtshan/
ID:
T63823
  • འཇམ་དབྱངས་རིན་ཆེན་རྒྱལ་མཚན (Tibetan, Tibetan script, Original)
    • > 'jam dbyangs rin chen rgyal mtshan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang rinchen gyemtsen (Tibetan, Latin script, Transcription-THL Simplified Tibetan Transcription)

Jamyang Rinchen Gyaltsen. Abbot of sa skya monastery, perhaps between 1288–1297, and imperial preceptor to the second emperor of the Yuan Dynasty (the Chengzong Emperor) from 1304–1305.

language:
English
Author:
Chris Hatchell
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན)རབ་བྱུང་བཞི་པའི་ས་རྟ(༡༢༥༨)ལོ་ནས་རབ་བྱུང་ལྔ་པའི་མེ་རྟ(༡༣༠༦)ལོ་བར། འགྲོ་མགོན་ཆོས་རྒྱལ་འཕགས་པའི་དངོས་སློབ་ཤར་པ་ཤེས་རབ་འབྱུང་གནས་རབ་བྱུང་མ་མཛད་གོང་གི་སྲས་གསུམ་པ་ཡིན་ཅིང། ས་སྐྱའི་གདུང་རྒྱུད་དངོས་མིན་ཀྱང་གདན་ས་སྐྱོང་བའི་མཛད་རྗེས་གཞན་དང་མི་འདྲ་བའི་མཚན་སྙན་ཅན་གྱི་བླ་མ་ཞིག་ཡིན། འགྲོ་མགོན་ཕྱག་ནའི་སྲས་ངྷརྨ་པཱ་ལ་སྐུ་མ་གཤེགས་པའི་གོང་བདག་ཆེན་བཟང་པོ་དཔལ་བ་ས་སྐྱའི་གདུང་རྒྱུད་མིན་པའི་གླེང་བརྗོད་སྣ་ཚོགས་བཟོས་ཏེ་གོང་མས་རྒྱ་ནག་ཤར་ཕྱོགས་ཀྱི་རྒྱ་མཚོའི་གླིང་ཕྲན་ཞིག་ཏུ་ཕུད། དུས་ཡུན་རིང་པོ་མ་སོང་བར་ངྷརྨ་པཱ་ལ་ཡང་སྐུ་གཤེགས་ནས་ས་སྐྱའི་གདུང་རྒྱུད་ཆད་ལ་ཉེ་བའི་ལོ་མང་པོའི་རིང་ཆོས་འཆད་ཉན་དང་། ལྷ་ཁང་རྙིང་པ་ཁག་གི་ཉམས་གསོ་མཇུག་སྐྱོང་སོགས་མཛད་པ་མ་ཟད། རབ་བྱུང་ལྔ་པའི་ཤིང་སྦྲུལ(༡༣༠༥)ལོའི་ཟླ་བ་ལྔ་པ་ནས་མགོ་ཚུགས་ཏེ། ལྷ་ཁང་ཆེན་མོའི་ཡང་ཐོག་ཐིགས་ཁང་གི་འཁོར་ཡུག་ཏུ་རྣལ་འབྱོར་རྒྱུད་མན་ཆད་ཀྱི་དཀྱིལ་འཁོར་ཆེན་པོ་བརྒྱ་དང་བཞི་བཅུ་ཞེ་བརྒྱད། རིགས་བསྡུས་ཀྱི་དཀྱིལ་འཁོར་དྲུག་བརྒྱ་སུམ་ཅུ་སོ་དགུ་བཅས་དཀྱིལ་འཁོར་བདུན་བརྒྱ་བརྒྱད་ཅུ་གྱ་བདུན་སོ་སོའི་བརྒྱུད་རིས་དང་བཅས་པ་འབྲི་བར་མཛད་པ་ད་ལྟའང་མ་ཉམས་པར་ཡོད་པ་འདི་དང་བཅས་མདོར་ན་ངྷརྨ་པཱ་ལ་སྐུ་གཤེགས་པ་ནས་བདག་ཆེན་བཟང་པོ་དཔལ་བ་བོད་དུ་མ་ཕེབས་བར་གྱི་ལོ་ངོ་བཅུ་གཉིས་རིང་དང་བདག་ཆེན་བཟང་པོ་དཔལ་བ་བོད་དུ་ཕེབས་པ་ནས་གདན་ས་མ་གནང་གི་བར་ལོ་ངོ་བཅུ་བརྒྱད་བཅས་ལོ་སུམ་བཅུའི་རིང་ལ་ས་སྐྱའི་གདན་ས་མཛད་ནས་ས་སྐྱ་བའི་ཆོས་ལུགས་སྔར་ལས་ལེགས་པ་འཕེལ་རྒྱས་ཡོང་བའི་མཛད་རྗེས་ཆེན་པོ་བཞག་ཡོད་པ་ཞིག་ཡིན། རབ་བྱུང་ལྔ་པའི་མེ་རྟའི(༡༣༠༦)ལོ་འགོར། བདག་ཆེན་བཟང་པོ་དཔལ་བ་ལ་གདན་ས་ཕུལ་རྗེས། ཡོན་རྒྱལ་རབ་ཀྱི་གོང་མ་ཨོལ་ཇོའི་ཐུས་གདན་དྲངས་ཀྱང་ལོ་དེའི་ལོ་མཇུག་དགུང་ལོ་བཞི་བཅུ་ཞེ་གུ་པར་སྐུ་གཤེགས། ལོ་རྒྱུས་རྒྱས་པ《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》ཤོག་གྲངས༡༤༥ནས༡༤༦བར་གསལ།

language:
Tibetan

2. Thupten Phuntsok Dictionary

(ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན) རབ་བྱུང་བཞི་པའི་ས་རྟ (༡༢༥༨) ལོ་ནས་རབ་བྱུང་ལྔ་པའི་མེ་རྟ (༡༣༠༦) ལོ་བར། འགྲོ་མགོན་འཕགས་པའི་དངོས་སློབ་ཤར་པ་ཤེས་རབ་འབྱུང་གནས་རབ་བྱུང་མ་མཛད་གོང་གི་སྲས་གསུམ་པ་ཡིན་ཅིང་། ས་སྐྱའི་གདུང་རྒྱུད་དངོས་མིན་ཀྱང་གདན་ས་སྐྱོང་བའི་མཛད་རྗེས་གཞན་དང་མི་འདྲ་བའི་མཚན་སྙན་ཅན་གྱི་བླ་མ་ཞིག་ཡིན། འགྲོ་མགོན་ཕྱག་ནའི་སྲས་དྷ་རྨ་པཱ་ལ་སྐུ་མ་གཤེགས་པའི་གོང་བདག་ཆེན་བཟང་པོ་དཔལ་བ་ས་སྐྱའི་གདུང་རྒྱུད་མིན་པའི་གླེང་བརྗོད་སྣ་ཚོགས་བཟོས་ཏེ་གོང་མས་རྒྱ་ནག་ཤར་ཕྱོགས་ཀྱི་རྒྱ་མཚོའི་གླིང་ཕྲན་ཞིག་ཏུ་ཕུད། དུས་ཡུན་རིང་པོ་མ་སོང་བར་དྷརྨ་པཱ་ལ་ཡང་སྐུ་གཤེགས་ནས་ས་སྐྱའི་གདུང་རྒྱུད་ཆད་ལ་ཉེ་བའི་ལོ་མང་པོའི་རིང་ཆོས་འཆད་ཉན་དང་། ལྷ་ཁང་རྙིང་པ་ཁག་གི་ཉམས་གསོ་མཇུག་སྐྱོང་སོགས་མཛད་པ་མ་ཟད། རབ་བྱུང་ལྔ་པའི་ཤིང་སྦྲུལ (༡༣༠༥) ལོའི་ཟླ་བ་ལྔ་པ་ནས་འགོ་ཚུགས་ཏེ། ལྷ་ཁང་ཆེན་མོའི་ཡང་ཐོག་ཐིགས་ཁང་གི་ཁོར་ཡུག་ཏུ་རྣལ་འབྱོར་རྒྱུད་མན་ཆད་ཀྱི་དཀྱིལ་འཁོར་ཆེན་པོ་བརྒྱ་དང་བཞི་བཅུ་ཞེ་བརྒྱད། རིགས་བསྡུས་ཀྱི་དཀྱིལ་འཁོར་དྲུག་བརྒྱ་སུམ་ཅུ་སོ་དགུ་བཅས་དཀྱིལ་འཁོར་དུ་བདུན་བརྒྱ་བརྒྱད་ཅུ་གྱ་བདུན་སོ་སོའི་བརྒྱུད་རིས་དང་བཅས་པ་འབྲི་བར་མཛད་པ་ད་ལྟའང་མ་ཉམས་པར་ཡོད་པ་འདི་དང་བཅས་མདོར་ན་དྷརྨ་པཱ་ལ་སྐུ་གཤེགས་པ་ནས་བདག་ཆེན་བཟང་པོ་དཔལ་བ་བོད་དུ་མ་ཕེབས་བར་གྱི་ལོ་ངོ་བཅུ་གཉིས་རིང་དང་བདག་ཆེན་བཟང་པོ་དཔལ་བ་བོད་དུ་ཕེབས་པ་ནས་གདན་ས་མ་གནང་གི་བར་ལོ་ངོ་བཅོ་བརྒྱད་བཅས་ལོ་སུམ་ཅུའི་རིང་ས་སྐྱའི་གདན་ས་མཛད་པ་ས་སྐྱའི་ཆོས་ལུགས་སྔར་ལས་ལེགས་པ་འཕེལ་རྒྱས་ཡོང་བའི་མཛད་རྗེས་ཆེན་པོ་བཞག་ཡོད་པ་ཞིག་ཡིན། རབ་བྱུང་ལྔ་པའི་མེ་རྟའི (༡༣༠༦) ལོར་འགོར། བདག་ཆེན་བཟང་པོ་དཔལ་བ་ལ་གདན་ས་ཕུལ་རྗེས། ཡོན་རྒྱལ་རབས་ཀྱི་གོང་མ་ཨོལ་ཇོའི་ཐུས་གདན་དྲངས་ཀྱང་ལོ་དེའི་ལོ་མཇུག་དགུང་ལོ་བཞི་བཅུ་ཞེ་དགུ་པར་སྐུ་གཤེགས།

language:
Tibetan
Grammars:
Language: