- 'jig rten pa'i lha/
- ID:
- T64279
- འཇིག་རྟེན་པའི་ལྷ (Tibetan, Tibetan script, Original)
- > 'jig rten pa'i lha/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > jikten pelha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
4. dung dkar bod rig pa'i tshig mdzod chen mo
ཕྱི་རོལ་མུ་སྟེགས་པས་བསྟེན་པའི་ལྷ་དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པ་དང་། གཞན་ཡང་ཡུལ་ལྷ་དང་གཞི་བདག་ལ་སོགས་འཇིག་རྟེན་གྱི་ལྷ་འདྲེ་མཐུ་བོ་རྣམས་ཡིན། དེ་རྣམས་མཐར་ཐུག་གི་སྐྱབས་གནས་མ་ཡིན་ཏེ། ཕུག་གི་སྐྱབས་གནས་ལ་རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མཁས་པ་ཞིག་དགོས་པ་ལས་ལྷ་དེ་རྣམས་ཀྱིས་གཞན་འཁོར་བའི་འཇིགས་པ་ལས་སྐྱོབ་རྒྱུ་ལྟ་ཞོག་རང་ཡང་འཁོར་བའི་འཇིགས་པ་ལས་གྲོལ་བ་ཞིག་བྱུང་མེད། དཔེར་ན། རང་ཡང་ཆུ་ཡི་འཇིགས་པ་ལས་གྲོལ་མེད་པ་ཞིག་གིས་གཞན་སྐྱོབ་ཐབས་བྲལ་བ་བཞིན་ནོ། དེས་ན་དེ་རྣམས་ཕྱི་མའི་སྐྱབས་གནས་སུ་བཟུང་ནས་ཕྱག་དང་མཆོད་པ་བྱེད་པའི་གནས་མ་ཡིན། འོན་ཀྱང་དེ་དག་ལ་འཕྲལ་གྱི་ཆོས་ལྡན་གྱི་བྱ་བ་འགའ་ཞིག་དང་། ཚེ་འདིའི་བདེ་འདུན་འགའ་ཞིག་གི་གྲོགས་འཆོལ་བ་ཙམ་ལ་མི་རུང་བ་མེད་དེ་དཔེར་ན། སྦྱིན་བདག་ལ་འཚོ་བའི་གྲོགས་འཚོལ་བ་དང་། སྨན་པ་ལ་ནད་གསོ་བའི་རེ་བ་འཆའ་བ་བཞིན་ནོ། ཇི་སྐད་དུ། རྒྱལ་སྲས་ཐོགས་མེད་བཟང་པོས། རང་ཡང་འཁོར་བའི་བརྩོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །དེ་ཕྱིར་གང་ལ་བསྐྱབ་ན་མི་བསླུ་བའི། །དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་བཞིན་ནོ།
- language:
- Tibetan
5. Thupten Phuntsok Dictionary
འཇིག་རྟེན་ལས་མ་འདས་པའི་ལྷ་དབང་ཕྱུག་དང་། ཚངས་པ། བརྒྱ་བྱིན་སོགས་དང་། དེ་བཞིན་ཡུལ་སོ་སོའི་བཙན་དང་། རྒྱལ་པོ། ཡུལ་ལྷ་གཞི་བདག་རྣམས་སོ། །
- language:
- Tibetan
7. Lokesh Chandra Tibetan-Sanskrit dictionary
- Sanskrit:
- loka