- 'jig tshogs la lta ba nyi shu/
- ID:
- T64499
- འཇིག་ཚོགས་ལ་ལྟ་བ་ཉི་ཤུ (Tibetan, Tibetan script, Original)
- > 'jig tshogs la lta ba nyi shu/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > jiktsok lanta banyishu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
གཟུགས་བདག་ཡིན་པར་ལྟ་བ་དང་, གཟུགས་བདག་དང་ལྡན་པར་ལྟ་བ་དང་, གཟུགས་བདག་གི་ཡིན་པར་ལྟ་བ་དང་, གཟུགས་ལ་བདག་གནས་པར་ལྟ་བ་སྟེ་, དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་ཤེས་བཞི་ལ་བཞི་བཞིར་སྦྱར་བའི་ཉི་ཤུ་ནི་འཇིག་ལྟའི་ཆར་གཏོགས་སོ་
- language:
- Tibetan
2. Ives Waldo Dictionary
-
the 20 views of a transitory collection as a self nature [four for each of the five skandhas: 1) / form is the self; 2) / form possesses the self; 3) / the self possesses forms four / the self abides within form / and likewise for feeing, perception, formations, and consciousness)
- language:
- English
-
the 20 views of a transitory collection as a self nature
- language:
- English
3. dung dkar bod rig pa'i tshig mdzod chen mo
༡.བདག་གཟུགས་ཡིན་ཏེ་བདག་པོ་དང་འདྲ། ༢.བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ། ༣.གཟུགས་བདག་ཡིན་ཏེ་བྲན་དང་འདྲ། ༤.གཟུགས་ལ་བདག་གི་གནས་ཏེ་སྣོད་དང་འདྲ། ༥.བདག་ཚོར་བ་ཡིན། ༦.བདག་ཚོར་བ་དང་ལྡན། ༧.ཚོར་བ་བདག་གི་ཡིན། ༨.ཚོར་བ་ལ་བདག་གནས། ༩.བདག་འདུ་ཤེས་ཡིན། ༡༠.བདག་འདུ་ཤེས་དང་ལྡན། ༡༡.འདུ་ཤེས་བདག་གི་ཡིན། ༡༢.འདུ་ཤེས་ལ་བདག་གནས། ༡༣.བདག་འདུ་བྱེད་དང་ལྡན། ༡༤.འདུ་བྱེད་བདག་གི་ཡིན། ༡༥.བདག་འདུ་བྱེད་ཡིན། ༡༦.འདུ་བྱེད་ལ་བདག་གནས། ༡༧.བདག་རྣམ་པར་ཤེས་པ་ཡིན། ༡༨.བདག་རྣམ་པར་ཤེས་པ་དང་ལྡན། ༡༩.རྣམ་པར་ཤེས་པ་བདག་གི་ཡིན། ༢༠.རྣམ་པར་ཤེས་པ་ལ་བདག་གནས་བཅས་ཏེ། དེ་ཡང་གཟུགས་བདག་ཡིན་པར་ལྟ་བ། གཟུགས་བདག་དང་ལྡན་པར་ལྟ་བ། གཟུགས་བདག་གི་ཡིན་པར་ལྟ་བ། གཟུགས་ལ་བདག་གནས་པར་ལྟ་བ། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་ཤེས་བཞི་ལ་བཞིིར་སྦྱར་བའི་ཉི་ཤུའོ། །
- language:
- Tibetan
4. Thupten Phuntsok Dictionary
༡ བདག་གཟུགས་ཡིན་ཏེ་བདག་པོ་དང་འདྲ། ༢ བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ། ༣ གཟུགས་བདག་ཡིན་ཏེ་བྲན་དང་འདྲ། ༤ གཟུགས་ལ་བདག་གི་གནས་ཏེ་སྣོད་དང་འདྲ། ༥ བདག་ཚོར་བ་ཡིན། ༦ བདག་ཚོར་བ་དང་ལྡན། ༧ ཚོར་བ་བདག་གི་ཡིན། ༨ ཚོར་བ་ལ་བདག་གནས། ༩ བདག་འདུ་ཤེས་ཡིན། ༡༠ བདག་འདུ་ཤེས་དང་ལྡན། ༡༡ འདུ་ཤེས་བདག་གི་ཡིན། ༡༢ འདུ་ཤེས་ལ་བདག་གནས། ༡༣ བདག་འདུ་བྱེད་དང་ལྡན། ༡༤ འདུ་བྱེད་བདག་གི་ཡིན། ༡༥ བདག་འདུ་བྱེད་ཡིན། ༡༦ འདུ་བྱེད་ལ་བདག་གནས། ༡༧ བདག་རྣམ་པར་ཤེས་པ་ཡིན། ༡༨ བདག་རྣམ་པར་ཤེས་པ་དང་ལྡན། ༡༩ རྣམ་པར་ཤེས་པ་བདག་གི་ཡིན། ༢༠ རྣམ་པར་ཤེས་པ་ལ་བདག་གནས་བཅས་ཏེ། དེ་ཡང་གཟུགས་བདག་ཡིན་པར་ལྟ་བ། གཟུགས་བདག་དང་ལྡན་པ་ལྟ་བ། གཟུགས་བདག་གི་ཡིན་པར་ལྟ་བ། གཟུགས་ལ་བདག་གནས་པར་ལྟ་བ། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་ཤེས་བཞི་ལ་བཞི་བཞིར་སྦྱར་བའི་ཉི་ཤུའོ། །
- language:
- Tibetan