- ljang tsha lha dbon/
- ID:
- T66033
- ལྗང་ཚ་ལྷ་དབོན (Tibetan, Tibetan script, Original)
- > ljang tsha lha dbon/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > jangtsa lhawön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. bod rgya tshig mdzod chen mo
[920] ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྲས། གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བཞེས་རྒྱུ་བྱས་ནའང། ཀོང་ཇོ་བོད་དུ་མ་སླེབས་པའི་གོང་ལ་རྒྱལ་སྲས་འདི་རྟས་དྲུད་ནས་འདས་སོ། ལྗང་ཞེས་པ་ལ་འཇང་ཞེས་པའང་སྣང། ...
- language:
- English
2. Thupten Phuntsok Dictionary
འདིར་འཇང་ཚ་ལྷ་དབོན་ཡང་འབྲི་སྲོལ་འདུག སྔོན་གྱི་བཤད་སྲོལ་འདི་རྒྱལ་པོ་མེས་ཨོག་ཚོམ་གྱི་སྲས་ཡིན་ཞིང་། འདི་ལ་རྒྱ་མོ་གྱིམ་ཤིང་ཀོང་ཇོ་མནའ་མ་བསུ་སྐབས། གྱིམ་ཤིང་ཀོང་ཇོ་ལ་སྲིད་གསུམ་གསལ་བའི་མེ་ལོང་ཞིག་ཡོད་པ་དེའི་ནང་དུ་གཟིགས་པས་རྒྱལ་སྲས་གཞོན་ནུ་ལང་ཚོ་དང་ལྡན་པ་ཞིག་མཐོང་བར་བརྟེན་བོད་དུ་བསྐྱོད། ལམ་བར་རྒྱལ་སྲས་སྐུ་གཤེགས། གྱིམ་ཤིང་ཀོང་ཇོས་ཀྱང་མེ་ལོང་ནང་དུ་རྒྱལ་སྲས་གཞོན་ནུ་དེ་བགྲེས་པ་ཨོག་ཚོམ་ཅན་ཞིག་ཏུ་གྱུར་པ་གཟིགས་ནས་དྲིས་པར། རྒྱལ་སྲས་སྐུ་གཤེགས་ཟིན་པ་དང་། ཡབ་རྒྱལ་པོ་དང་འགྲོགས་དགོས་པར་ཤེས་པ་རེད། ཅེས་པ་ནི་གཏམ་རྒྱུད་ཁོ་ན་ཙམ་ལས་དོན་དངོས་དང་མཐུན་ཐབས་མེད། ཚད་ལྡན་གྱི་བོད་དང་རྒྱའི་ཡིག་ཚང་ཐམས་ཅད་ཀྱི་ནང་དུ་གྱིམ་ཤིང་ཀོང་ཇོ་རྒྱ་ནག་ནས་བོད་དུ་ཕེབས་གྲབས་མཛད་དུས་དེར་སྤྱི་ལོ༧༡༠པའི་ལྕགས་ཁྱི་ལོ་ཡིནཔ་དང་། བོད་དུ་འབྱོར་དུས་ནི་སྤྱི་ལོ༧༡༢པའི་ཆུ་བྱི་ལོ་ཡིན་པ་ཡོངས་སུ་གྲགས་པ་ཡིན། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཕལ་ཆེར་ལས་མེས་ཨོག་ཚོམ་ཡབ་འདས་པའི་ཕྱི་ལོ་སྤྱི་ལོ་༧༠༥པའི་ཤིང་སྦྲུལ་ལོར་སྲས་སྐུ་གཞོན་ཞིག་རྒྱལ་སྲིད་བཀོད་ཅིང་འདུས་སྲོང་མང་རྗེའི་མ་ཡུམ་ཁྲི་མ་ལོད་ཀྱིས་སྲིད་སྐྱོང་བར་གསལ་བ་ལྟར་ན། ལྗང་ཚ་ལྷ་དབོན་ནི་རྒྱལ་པོ་མེས་ཨོག་ཚོམ་གྱི་གཅེན་པོ་ཡིན་པ་དང་། གྱིམ་ཤིང་ཀོང་ཇོ་གཅེན་ལྗང་ཚ་ལྷ་དབོན་ལ་བཙུན་མོ་བསུས་པར། བཙུན་མོ་བོད་དུ་མ་སླེབས་གོང་དུ་ལྗང་ཚ་ལྷ་དབོན་སྐུ་གཤེགས། དེ་ནས་གཅུང་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨོག་ཚོམ་དང་འདུས་པར་དོན་ལ་གནས།
- language:
- Tibetan
3. smon lam tshig mdzod chen mo
ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྲས། གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བཞེས་རྒྱུ་བྱས་ནའང༌། ཀོང་ཇོ་བོད་དུ་མ་སླེབས་པའི་གོང་ལ་རྒྱལ་སྲས་འདི་རྟས་དྲུད་ནས་འདས་སོ། ལྗང་ཞེས་པ་ལ་འཇང་ཞེས་པའང་སྣང༌།
- language:
- Tibetan