- brje ba rnam pa gsum/
- ID:
- T66232
- བརྗེ་བ་རྣམ་པ་གསུམ (Tibetan, Tibetan script, Original)
- > brje ba rnam pa gsum/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > jewa nampasum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[924] བར་མ་རབ་བྱུང་གིས་ཆོས་འདི་པའི་བསམ་པ་བསྐྱེད་པའི་ཕྱིར་དུ། བསམ་པ་དང་རྟགས་དང། མིང་བརྗེ་བ་སྟེ་གསུམ་མོ། དེ་ལ་བསམ་པ་བརྗེ་བ་ནི་ཚེ་འདི་འབའ་ཞིག་དོན་གཉེར་གྱི་བསམ་པ་དོར་ནས་དགེ་སྦྱོང་གི་ཆོས་བཞི་དང་ལྡན་པའི་བསམ་པ་ཕུན་ཚོགས་སྐྱེད་པ་དང། རྟགས་བརྗེ་བ་ནི་ལུས་ཀྱི་བྱི་བྱད་སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱེད་པ་དང་གོས་ཆོས་གོས་མཐང་གོས་གདིང་བ་སོགས་ཚད་དང་ལྡན་པ། སྣོད་ལྷུང་བཟེད་ཆུ་ཚགས་སོགས་ཚད་ལྡན་ཡོད་པ་དང། མིང་བརྗེ་བ་ནི་མཁན་པོའི་མཚན་གྱི་མཐའ་ཅན་ནམ། དཔལ་དང། གྲགས་པ་དང་བཟང་པོ་ལ་སོགས་པའི་མཐའ་ཅན་གྱི་མིང་འདོགས་པའོ། ...
- language:
- English
3. Thupten Phuntsok Dictionary
བར་མ་རབ་བྱུང་གིས་ཆོས་འདི་པའི་བསམ་པ་བསྐྱེད་པའི་ཕྱིར་དུ། བསམ་པ་དང་རྟགས་དང་། མིང་བརྗེ་བ་སྟེ་གསུམ་མོ། །དེ་ལ་བསམ་པ་བརྗེ་བ་ནི་ཚེ་འདི་འབའ་ཞིག་དོན་གཉེར་གྱིས་བསམ་པ་དོར་ནས་དགེ་སྦྱོང་གི་ཆོས་བཞི་དང་ལྡན་པའི་བསམ་པ་ཕུན་ཚོགས་སྐྱེད་པ་དང་། རྟགས་བརྗེ་བ་ནི་ལུས་ཀྱི་བྱི་བྱད་སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱེད་པ་དང་གོས་ཆོས་གོས་མཐང་གོས་གདིང་བ་སོགས་ཚད་དང་ལྡན་པ། སྣོད་ལྷུང་བཟེད་ཆུ་ཚགས་སོགས་ཚད་ལྡན་ཡོད་པ་དང་། མིང་བརྗེ་བ་ནི་མཁན་པོའི་མཚན་གྱི་མཐའ་ཅན་ནམ། དཔལ་དང་། གྲགས་པ་དང་བཟང་པོ་ལ་སོགས་པའི་མཐའ་ཅན་གྱི་མིང་འདོགས་པའོ། །
- language:
- Tibetan
4. smon lam tshig mdzod chen mo
བར་མ་རབ་བྱུང་གིས་ཆོས་འདི་པའི་བསམ་པ་བསྐྱེད་པའི་ཕྱིར་དུ། བསམ་པ་དང་རྟགས་དང༌། མིང་བརྗེ་བ་སྟེ་གསུམ་མོ། དེ་ལ་བསམ་པ་བརྗེ་བ་ནི་ཚེ་འདི་འབའ་ཞིག་དོན་གཉེར་གྱི་བསམ་པ་དོར་ནས་དགེ་སྦྱོང་གི་ཆོས་བཞི་དང་ལྡན་པའི་བསམ་པ་ཕུན་ཚོགས་སྐྱེད་པ་དང༌། རྟགས་བརྗེ་བ་ནི་ལུས་ཀྱི་བྱི་བྱད་སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱེད་པ་དང་གོས་ཆོས་གོས་མཐང་གོས་གདིང་བ་སོགས་ཚད་དང་ལྡན་པ། སྣོད་ལྷུང་བཟེད་ཆུ་ཚགས་སོགས་ཚད་ལྡན་ཡོད་པ་དང༌། མིང་བརྗེ་བ་ནི་མཁན་པོའི་མཚན་གྱི་མཐའ་ཅན་ནམ། དཔལ་དང༌། གྲགས་པ་དང་བཟང་པོ་ལ་སོགས་པའི་མཐའ་ཅན་གྱི་མིང་འདོགས་པའོ། །
- language:
- Tibetan