Skip to main content Skip to search
nyan rang gi khyad par/
ID:
T66995
  • ཉན་རང་གི་ཁྱད་པར (Tibetan, Tibetan script, Original)
    • > nyan rang gi khyad par/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyenrang gikhyepar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Def. by Jamgön Kongtrül: རང་རྒྱལ་གྱི་རིགས་ཅན་ང་རྒྱལ་ཆེ་བས་སངས་རྒྱས་དང་ཉན་ཐོས་ཀྱིས་སྟོང་པའི་འཇིག་རྟེན་དུ་སློབ་དཔོན་དང་འགྲན་ཟླ་མེད་པར་རང་གཅིག་པུ་བྱང་ཆུབ་མངོན་དུ་བྱེད་འདོད་པ་དང། ཉོན་མོངས་པ་རང་བཞིན་གྱིས་ཤས་ཆུང་བས་འདུ་འཛི་ལ་མི་དགའ་བར་དབེན་པ་དོན་དུ་གཉེར་བ། སྙིང་རྗེ་ཤར་ཆུང་བས་གཞན་དོན་ལ་མི་སྤྲོ་བར་སེམས་ལས་ཆུང་ངུར་གནས་པ། ཉན་ཐོས་ལས་ཤེས་རབ་ཟབ་པས་གཞན་གྱིས་བསྟན་མ་དགོས་པར་རང་གིས་ཤེས་ནས་བྱང་ཆུབ་མངོན་དུ་བྱེད་པའོ། ། ལམ་གྱི་ཁྱད་པར་བདེན་བཞི་མི་རྟག་པ་སོགས་བཅུ་དྲུག་གི་སྟེང་དུ་རྟེན་འབྲེལ་བཅུ་གཉིས་ཀྱི་འཇུག་ལྡོག་དང། གང་ཟག་གི་བདག་མེད་ཀྱི་སྟེང་དུ་གཟུང་བ་རང་བཞིན་མེད་པར་རྟོགས་པ་སྟེ་བདག་མེད་ཕྱེད་དང་གཉིས་ཀྱི་སྒོ་ནས་རྟོགས་རིས་ལ་ཁྱད་པར་ཡོད་པར་གསུངས་སོ་

language:
English