- nye rgyu/
- ID:
- T68519
- ཉེ་རྒྱུ (Tibetan, Tibetan script, Original)
- > nye rgyu/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyegyu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. Richard Barron Dictionary
ཉེ་བའི་རྒྱུ་ (more) immediat/ intimate/ proximate/ secondary cause
- language:
- Tibetan
4. Thupten Phuntsok Dictionary
འབྱུང་འགྱུར་རྣམ་པར་གྱུར་པའི་སྐབས་སུ་ནད་ཀྱི་ཉེ་བའི་རྒྱུ་བྱེད་པའི་རླུང་མཁྲིས་བད་ཀན་གསུམ་ལ་གོ་དགོས་ཏེ། བཤད་པ་སྐུའི་རྒྱུད་ལས། ཉེ་རྒྱུ་རླུང་དང་མཁྲིས་པ་བད་ཀན་གསུམ། རྣམ་པར་མ་གྱུར་ནད་ཀྱི་རྒྱུར་འགྱུར་ལ། རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན། ལུས་དང་སྲོག་ལ་གནོད་ཅིང་གདུང་བས་སོ། །ཞེས་དང་། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། ཉེ་རྒྱུ་ནི། འདུ་བ་སྙོམས་ན་ལུས་སྲོག་འཚོ་བའི་རྒྱུ་བྱེད་ཅིང་། འདུ་བ་མ་སྙོམས་ན་འབྱུང་འགྱུར་ལུས་སྲོག་ལ་གནོད་པའི་ནད་ཀྱི་ཉེ་བའི་རྒྱུ་གཙོ་བོར་བྱེད་པའི་རླུང་མཁྲིས་བད་ཀན་གསུམ་ལ་ཟེར་བའོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan