- nywa snying /
- ID:
- T69811
- ཉྭ་སྙིང (Tibetan, Tibetan script, Original)
- > nywa snying / (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyanying (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Dan Martin Dictionary
Original entry: (gru mo'i) nywa snying. DD illus. 29. See also lag ngar nywa snying, mkhrig ma'i nywa snying, byin pa'i nywa snying, and dpung pa'i nywa snying.
- language:
- English
2. Thupten Phuntsok Dictionary
མཁྲིག་མ་ནས་གྲུ་མོའི་ཕྱོགས་སུ་མཁྱིད་གང་ཡར་བཅལ་བ་དང་། གྲུ་མོའི་རྩེ་ནས་མཁྲིག་མའི་ཕྱོགས་སུ་སོར་དྲུག་མར་བཅལ་བ་དེའི་བར་གྱི་ལག་ངར་གྱི་ཉྭ་ཤའི་ཆ་ཤས་ཀྱི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། མཁྲིག་མའི་ཚིགས་དང་གྲུ་མོའི་གཞུ་མཆོག་ནས། མཁྱིད་གང་སོར་དྲུག་བཅལ་བ་ཉྭ་སྙིང་གནད། ཅེས་གསུངས་པ་ལྟར་དང་། སྐབས་འདིའི་སྙིང་ཞེས་པའི་གོ་དོན་ནི་ཤིན་ཏུ་གཉན་པའི་དོན་ལ་གོ་དགོས་ཏེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། ཉྭ་སྙིང་ཤ་སྙིང་ཀླད་སྙིང་རྣམས། ཤིན་ཏུ་གཉན་པས་སྙིང་ཞེས་བཤད། ཅེས་གསུངས་པས་འདིའང་རྟོགས་དགོས་པ་གལ་ཆེའོ། །
- language:
- Tibetan