Skip to main content Skip to search
gnya' khri btsan po/
ID:
T69921
  • གཉའ་ཁྲི་བཙན་པོ (Tibetan, Tibetan script, Original)
    • > gnya' khri btsan po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyatri tsenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

  • name of Tibet's first king; the first Tibetan king

    language:
    English
  • Nyatri Tsenpo; said to be the name of the first king of Tibet, who descended from the sky to Yarlha Shampo mountain

    language:
    English
  • གཉའ་བར་ས་རྡོ་ཁུར་ནས་ཁྲི་བཙིགས་ཏེ་དཔོན་དུ་མངའ་གསོལ་བ་དེ་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཞེས་གྲགས་ཏེ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཡིན་ They built him a throne with earth and stones that they carried on their shoulders, and made him their chief. And so he came to be known as Nyatri Tsenpo the Ancient-Nyatri Tsenpo meaning King of the Throne on the Shoulders. He was the first king, and was a manifestation of the Bodhisattva Sarvanivaranaviskambhin.

    language:
    Tibetan

2. Ives Waldo Dictionary

  • first ruler of men' in Tibet [in the blue annals khri btsan po 'od lde zhes pa dang don gcig 1st king of Tibet de gang nas byon pa la, gzugs khams 'od gsal lha las babs pa dang, sh'akya'i rgyal rgyud yin pa sogs gtam rgyud 'dra min yod cing, gang ltar yul gang zhig nas bod yul btsan thang sgo bzhir slebs pa'i tse bod mi rnams kyis mthong ste mi las 'das pa'i mtsan dang ldan pas ya mtsan skyes te gang nas byon dris par, skad brda ma 'phrod par gnam la mdzub mo ker bas lha las chad par go nas, bod khams kyi rgyal por 'os so zhes gnya' bar btegs nas 'ong bas gnya' khri btsan po zhes grags la, de dus bod la yul rje bcu gnyis yod pa'i spyi'i dbang por gyur pas bod spyi'i rgyal po'i thog ma yin la, gnam gyi khri bdun du grags pa'i dang

    language:
    English
  • king གཉའ་ཁྲི་བཙན་པོ་

    language:
    English

3. Jim Valby Dictionary

1st king of tibet carried in a sedan chair

language:
English

4. bod rgya tshig mdzod chen mo

[976] དེབ་སྔོན་དུ་ཁྲི་བཙན་པོ་འོད་ལྡེ་ཞེས་པ་དང་དོན་གཅིག་བོད་རྒྱལ་རབས་ཀྱི་ཐོག་མ་དེ་གང་ནས་བྱོན་པ་ལ། གཟུགས་ཁམས་འོད་གསལ་ལྷ་ལས་བབས་པ་དང། ཤཱཀྱ་རྒྱལ་རྒྱུད་ཡིན་པ་སོགས་གཏམ་རྒྱུད་འདྲ་མིན་ཡོད་ཅིང། གང་ལྟར་ཡུལ་གང་ཞིག་ནས་བོད་ཡུལ་བཙན་ཐང་སྒོ་བཞིར་སླེབས་པའི་ཚེ་བོད་མི་རྣམས་ཀྱིས་མཐོང་སྟེ་མི་ལས་འདས་པའི་མཚན་དང་ལྡན་པས་ཡ་མཚན་སྐྱེས་ཏེ་གང་ནས་བྱོན་དྲིས་པར། སྐད་བརྡ་མ་འཕྲོད་པར་གནམ་ལ་མཛུབ་མོ་ཀེར་བས་ལྷ་ལས་ཆད་པར་གོ་ནས། བོད་ཁམས་ཀྱི་རྒྱལ་པོར་འོས་སོ་ཞེས་གཉའ་བར་བཏེགས་ནས་འོང་བས་གཉའ་ཁྲི་བཙན་པོ་ཞེས་གྲགས་ལ། དེ་དུས་བོད་ལ་ཡུལ་རྗེ་བཅུ་གཉིས་ཡོད་པའི་སྤྱིའི་དབང་པོར་གྱུར་པས་བོད་སྤྱིའི་རྒྱལ་པོའི་ཐོག་མ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་དང་པོ་ཡང་ཡིན། ...

language:
English

5. dung dkar bod rig pa'i tshig mdzod chen mo

བོད་ཀྱི་རྒྱལ་རབས་དང་པོ་སྟེ་མིང་གཞན་འོ་དེ་པུ་རྒྱལ་ཡང་ཟེར། རྒྱལ་པོ་དེ་ག་དུས་བྱུང་བའི་སྐོར་ལ་ཤོད་སྟངས་སྣ་ཚོགས་ཡོད།《བཀའ་ཆེམས་ཀ་ཁོལ་མ་》ཞེས་པའི་ནང་། གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རིའི་བར་ལ་ལོ་ལྔ་བརྒྱ་སོང་། ཐོ་ཐོས་ལོ་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་སྲོང་བཙན་སྒམ་པོའི་བར་ལོ་བརྒྱ་དང་བཅུ་གཅིག་སོང་བར་བཤད་པ་ལྟར་ན། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ་འཁྲུངས་པའི་མེ་གླང(༦༡༧)ལོ་བར་ལོ་བདུན་བརྒྱ་དང་སོ་གཅིག་ཡོད་པ་ཡར་འདེད་བྱས་ཏེ་རྩིས་ན། ཧན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་ཧན་ཨུ་རྡིས་ཀྱི་ཡོན་ཧྲོའི་ཁྲི་ལོ་དྲུག་པ་སྤྱི་ལོའི་གོང་གི་༡༡༧ལོ་ལ་བྱུང་དགོས་ཀྱི་འདུག་ཀྱང་《མཁས་པའི་དགའ་སྟོན 》ལེ་ཚ ན་དྲུག་པ[ཇ]པའི་ཤོག་གྲངས་༡༢པར་དེ་ལྟར་བོད་རྗེ་གཉའ་ཁྲི་བཙན་པོ་ནས། ། ཐོག་མའི་གདུང་རབས་ཉི་ཤུ་རྩ་བདུན་ལ། ། མི་ལོ་དྲུག་བརྒྱ་དང་ནི་དྲུག་ཅུ་སོང་། ། དེ་ནས་ཐོ་ཐོ་རི་སོགས་གདུང་རབས་ལྔར། ། ལོ་ནི་བརྒྱ་དང་ལྔ་བཅུ་ལོན་ནོ་ཞེས། ། བཀའ་གཙིགས་ལ་སོགས་ཡིག་རྙིང་དུ་མར་བཤད། ། ཅེས་གསལ་བ་ལྟར་ན་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ་འཁྲུངས་པའི་མེ་གླང་(༦༡༧)ལོ་བར་ལོ་བརྒྱད་བརྒྱ་དང་བཅུ་ཡོད་པ་ཡར་འདེད་བྱས་ཏེ་རྩིས་ན། ཧན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་ཧན་ཀའོ་ཙུའུ་ལིའུ་པང་གི་ཁྲི་ལོ་བཅུ་གཅིག་པ་ཤིང་སྦྲུལ་སྤྱི་ལོའི་གོང་གི་༡༩༦ལོ་ལ་བྱུང་དགོས་ཀྱི་འདུག་གཉའ་ཁྲི་བཙན་པོ་བྱུང་ཚུལ་སྐོར་རྒྱ་གར་ནས་བོད་དུ་བསྒྱུར་བའི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་《ལྷ་ལས་ཕུལ ་བྱུང་གི་བསྟོད་པའི་འགྲེལ་》པ་དང་བོད་ཡིག་གི་ལོ་རྒྱུས་མང་པོ་ཞིག་གི་ནང་གཉའ་ཁྲི་བཙན་པོ་ཤྰཀྱ་མུ་ནེའི་གདུང་རྒྱུད་ནས་བྱུ ང་བ་དང་རྒྱ་གར་ནས་བོད་མཐའ་མཚམས་སུ་བྲོས་བྱོལ་དུ་ཡོང་བའི་རྒྱལ་པོ་རུ་པ་ཏི་ཟེར་བ་དེ་རྗེས་སུ་གཉའ་ཁྲི་བཙན་པོར་བཏགས་པ་ཡིན་ཟེར་བ་སོགས་བཤད་ཀྱང་དེ་ནི་བོད་ཀྱི་ལོ་རྒྱུས་རྒྱ་གར་ལ་ཁུངས་བཅོལ་བའི་ཤོད་ཚུལ་ཞིག་ཡིན་པ་ལས་དངོས་དོན་ངོ་མ་མིན།ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་དུས་ཐོག་ཕལ་ཆེར་མཉམ་པའི་བོད་ཀྱི་ལོ་རྒྱུས་མཁས་པ་ལྕང་གླིང་པ་རོལ་པའི་རྡོ་རྗེས་བརྩམས་པའི་《ཡུམ་བུ་བླ་སྒང་གི་དཀར་ཆག་》ནང་གསལ་བར་གཞིགས་ན་སྤོ་བོའི་ཡུལ་དུ་བྱ་མི་བཙུན་བྱ ་བའི་བུད་མེད་ཅིག་ལ་བུ་སྤུན་དགུ་སྐྱེས་པ་ལས་ཆུང་ཤོས་ཨུ་བེ་ར་ཟེར་བ་བཞིན་མཛེས་པ།ལག་སོར་དྲ་བས་འབྲེལ་བ།མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་བྱུང་བ་དེ་ཡུལ་མི་ཀུན་གྱིས་གདོན་འདྲེལ་རྩིས་ཏེ་ཡུལ་དེ་ནས་ཕུད་པ་རིམ་གྱིས་ཡར་ལུང་དུ་བྱོན་པ་ན་ཡར་ལུང་ཀྱི་མི་རྣམས་བོད་ཀྱི་རྒྱལ་པོ་གསར་པ་འཚོལ་བའི་སྐབས་དང་ཁེལ་ཏེ་བྱང་ལམ་གཡའ་མེ་གོང་ཟེར་བ་དེར་ཕྲད་ནས་ཁོ་ཚོས་ཁྱེད་སུ་ཡིན།གང་ནས་འོངས་ཞེས་དྲིས་པས་ང་སྤོ་བོའི་ཡུལ་ནས་འོངས།ད་བོད་ལ་འགྲོ་ཟེར།འོ་ན་ཁྱེད་ལ་མཐུ་རྩལ་གང་འདྲ་ཡོད་བྱས་པས་ང་ནུས་པ་ཆེ་དྲགས་པའི་རྐྱེན་གྱིས་ཡུལ་ནས་ཕུད་པ་ཡིན་ཞེས་སྨྲས།སོ་ན་ཁྱེད་ཀྱིས་བོད་ཀྱི་རྗེ་ཨེ་ནུས་བྱས་པས་ཁྱེད་རང་རྣམས་ཀྱིས་ང་གཉའ་བར་ཁྲི་ལ་བཏེག་གྱིས་དང་། མཐུ་སྟོབས་རྫུ་འཕྲུལ་རིམ་གྱིས་ཤེས་འོང་ཞེས་སྨྲས་པ་བཞིན་འབངས་རྣམས་ཀྱིས་དེ་ལྟར་བྱས་ནས་རྗེ་རུ་ཁུར་བས་མཚན་ལའང་གཉའ་ཁྲི་བཙན་པོ་ཞེས་ཐོགས་སོ་ཞེས་གསལ་ཞིང་གསལ་བར་བཤད་པ་དེ་ལས་གཉའ་ཁྲི་བཙན་པོ་ནི་རྒྱ་གར་ནས་བོད་དུ་བྲོས་བྱོལ་ཕེབས་པའི་རྒྱ་གར་བ་ཞིག་མ་ཡིན་པར་སྤོ་བོའི་ཡུལ་ནས་ལྷོ་ཁར་ཡུལ་བྱོལ་དུ་ཕེབས་ཤིང་། བོད་སྐད་ཤེས་པའི་བོད་མི་རང་ཡིན་པ་མཐོང་ཐུབ། ཡང་རྒྱ་ཡིག་གི་ཐང་དེབ་རྙིང་མའི་ནང་བོད་ཀྱི་བཙན་པོའི་གདུང་རྒྱུད་ཀྱི་འབྱུང་ཁུངས་དེ་ལྷོ་བྱང་རྒྱལ་རབས་ཀྱི་དུས་སུ་ལིན་སུང་ས་གནས་ཀྱི་དཔོན་རིགས་ཕན་མི་ཟེར་བ་དེ་ཡིན་ཅིང་། དེ་ལ་སྤུར་རྒྱལ་ཟེར་བ་ཡིན་ཚུལ་སོགས་བཤད་པ་དེ་ནི་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་པའི་དབང་གིས་དེ་ལྟར་འོལ་ཚོད་ཀྱིས་བྲིས་པའམ་འདོད་པའི་དབང་གིས་ཆེད་གཉེར་གྱིས་བྲིས་པ་ཙམ་ཞིག་ཡིན།《ཆོས་འབྱུང་མཁས་པའི་དགའ་སྟོན་》གྱིས་མཚོན་པའི་བོད་ ཀྱི་ལོ་རྒྱུས་མང་པོའི་ནང་གཉའ་ཁྲི་བཙན་པོ་གནམ་གྱི་ལྷ་ནས་མི་ཡུལ་དུ་བྱོན་པ་སོགས་ཀྱི་བཤད་ཚུལ་བཀོད་པ་ནི་གནའ་རབས་བོན་གྱི་ལོ་རྒྱུས་དང་ངག་སྒྲོས་ལས་འབྱུང་བ་ལྟར་བཀོད་པ་སྟེ་དེ་ཡང་ཚན་རིག་དང་མཐུན་པའི་ཤོད་ཚུལ་མིན་པ་ཞོར་ལ་གོ་བར་འགྱུར་བས་འདིར་མང་དུ་བཤད་མ་དགོས་ཤིང་། གཉའ་ཁྲི་བཙན་པོའི་སྐོར་ཞིབ་པར་གཟིགས་འདོད་ན་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་མཛད་པའི་ཆེད་རྩོམ་《གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཡིན་》བོད་ལྗོངས་མི་དམངས་དཔེ་ སྐྲུན་ཁང་གི་༡༩༨༧ལོར་པར་སྐྲུན་བྱས་པའི་《བོད་རིག་པའི་ཆེད་རྩོམ་གཅེས་བསྡུས་》ནང་གསལ་བ་དེར་གཟིགས།

language:
Tibetan

6. Thupten Phuntsok Dictionary

བོད་ཀྱི་ཡིག་ཆ་རྙིང་པ་རྣམས་སུ་བོད་རྒྱལ་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་མི་འདྲ་བ་རིགས་བརྒྱད་ཙམ་བྱུང་འདུག དེའི་ནང་ཆེས་སྔ་ཤོས་ནི་སྟག་ཚང་དཔལ་འབྱོར་བཟང་པོའི་ཆོས་འབྱུང་ནང་སྤྱི་ལོའི་སྔོན་གྱི་༧༧༩པའི་ཆུ་ཁྱི་ལོ་ཡིན། ཆེས་ཕྱི་ཤོས་ནི་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་ལྟར་ན་སྤྱི་ལོའི་སྔོན་གྱི་༡༡༥མེ་སྟག་ལོར་ཡིན། དེང་དུས་ཅུང་གྲགས་ཆེ་བ་ནི་རྫ་དཔལ་སྤྲུལ་གྱི་བཞེད་པའི་སྤྱི་ལོའི་སྔོན་གྱི་༡༢༧པའི་ཤིང་སྟག་ལོ་ཡིན། དེ་ཐམས་ཅད་ལས་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་ཤོདེ་སུམ་པའི་ཆོས་འབྱུང་དུ་སྤྱི་ལོའི་སྔོན་གྱི་༤༡༧པའི་ཤིང་ལོ་དེ་ཡིན་པར་སེམས། གཞན་ཡང་གཉའ་ཁྲི་བཙན་པོ་རྒྱ་གར་ནས་བྱུང་པའི་གཏམ་རྒྱུད་སོགས་ཁུངས་མེད་ཀྱི་གཏམ་ཚོགས་དེ་དག་བཞག་ནས། འདིར་རྒྱལ་པོ་གཉའ་ཁྲི་་བཙན་པོའི་ལོ་རྒྱུས་དངོས་བསྟན་པར། རྒྱལ་པོ་གཉའ་ཁྲི་བཙན་པོ་ནི། སྤྱི་ལོའི་སྔོན་གྱི་༤༡༧པའི་ཤིང་བྱི་ལོར། སྤུ་བོའི་ཡུལ་དུ་ཡབ་ཐེ་རང་མང་སྙན་ཨུ་བེ་ར་དང་། ཡུམ་མོ་བཙུན་བྱ་བ་གཉིས་ལ་སྲས་དགུ་འཁྲུངས་པའི་ཐ་ཆུ་དེ་ཡིན། སྐུ་ནར་སོན་པ་དང་ཐུགས་རྒྱུད་གྱོང་ཞིང་སྟོབས་རྩལ་ཆེ་སྟབས་ཡུལ་དཔོན་དང་འཐབ་འཛིན་བྱས། ཐར་སྤུ་བོ་ནས་ཡུལ་ཕུད་དེ་བོད་དུ་ཕྱིན། ལམ་བར་དུ་བོད་ཀྱི་རྒྱལ་ཕྲན་གྱི་གཉའ་གནོན་འོག་ནས་བྲོས་བྱོལ་ཡོང་བའི་མགོན་དང་དཔུང་གཉེར་བཙལ་བའི་བོད་མི་ཁག་གཅིག་དང་བྱང་ལམ་གཡའ་ལེ་གོང་དུ་འཕྲད་པ་དེ་དག་དང་བསྡོམས་ནས་བོད་ཡུལ་དུ་ཕྱིན། ཐོག་མར་ཡར་ལུང་དུ་ཡོད་པའི་བོད་ཀྱི་རྒྱལ་ཕྲན་དེ་ཉིད་དབང་དུ་བསྡུས། སྤྱི་ལོའི་སྔོན་གྱི་༣༦༠པའི་ལོ་ཙམ་ན་བོད་ཀྱི་རྒྱལ་པོ་ཐོག་མར་གྱུར། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། དེ་ནས་ཞང་ཞུང་ཕུད་པའི་བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེ་དབང་དུ་བྱས། བོད་ཀྱི་བཙན་པོ་ཞེས་པའི་མཚན་སྙན་ཐོག་མར་བཞེས། མཆན་ཁེབས་ཀྱི་བློན་ཆེན་ལ་ལྷོ་དང་སྙགས་གཉིས་ཀྱི་བྱས། བོན་པོ་མཚེ་མི་སྨུ་རྒྱལ་དང་། ཚོ་མི་ཕྱག་གར་གཉིས་སྐུ་གཤེན་དུ་བསྟེན། ཕྱིང་པ་སྟག་རྩེར་ཕེབས་ཏེ་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཟོས། གནམ་མུག་མུག་གམ་མུ་མཚོ་གཟའ་ཁབ་ཏུ་བཞེས། སྲས་མུ་ཁྲི་བཙན་པོ་འཁྲུངས་སྐབས་དེར་སྐུ་ན་བགྲེས་པོ་སླེབས་སྟབས་སྲས་ཀྱི་ཆིབས་ཁ་ཐུབ་ཙམ་ན་སྤྱི་ལོའི་སྔོན་གྱི་༣༤༥པའི་ཤིང་ཕག་ལོར་སྐུ་གཤེགས།

language:
Tibetan

7. smon lam tshig mdzod chen mo

དེབ་སྔོན་དུ་ཁྲི་བཙན་པོ་འོད་ལྡེ་ཞེས་པ་དང་དོན་གཅིག་བོད་རྒྱལ་རབས་ཀྱི་ཐོག་མ་དེ་གང་ནས་བྱོན་པ་ལ། གཟུགས་ཁམས་འོད་གསལ་ལྷ་ལས་བབས་པ་དང༌། ཤཱཀྱའི་རྒྱལ་རྒྱུད་ཡིན་པ་སོགས་གཏམ་རྒྱུད་འདྲ་མིན་ཡོད་ཅིང༌། གང་ལྟར་ཡུལ་གང་ཞིག་ནས་བོད་ཡུལ་བཙན་ཐང་སྒོ་བཞིར་སླེབས་པའི་ཚེ་བོད་མི་རྣམས་ཀྱིས་མཐོང་སྟེ་མི་ལས་འདས་པའི་མཚན་དང་ལྡན་པས་ཡ་མཚན་སྐྱེས་ཏེ་གང་ནས་བྱོན་དྲིས་པར། སྐད་བརྡ་མ་འཕྲོད་པར་གནམ་ལ་མཛུབ་མོ་ཀེར་བས་ལྷ་ལས་ཆད་པར་གོ་ནས། བོད་ཁམས་ཀྱི་རྒྱལ་པོར་འོས་སོ་ཞེས་གཉའ་བར་བཏེགས་ནས་འོང་བས་གཉའ་ཁྲི་བཙན་པོ་ཞེས་གྲགས་ལ། དེ་དུས་བོད་ལ་ཡུལ་རྗེ་བཅུ་གཉིས་ཡོད་པའི་སྤྱིའི་དབང་པོར་གྱུར་པས་བོད་སྤྱིའི་རྒྱལ་པོའི་ཐོག་མ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་དང་པོ་ཡང་ཡིན།

language:
Tibetan

8. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོ་སྔོན་གྱི་ལོ་བཞི་བརྒྱ་བཅུ་བདུན་ཤིང་ཕོ་བྱི་ལོར་ད་ལྟ་བོད་ལྗོངས་ཀྱི་ཉི་ཁྲི་ས་ཁུལ་སྤོ་མེས་རྫོང་ཁོངས་སུ་ཡུམ་མོ་བཙུན་གྱི་སྲས་སུ་སྐུ་འཁྲུངས་། ལོ་ཚིགས་འདི་ནི་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ལྟ་བ་ཡིན། ཁོང་བཞིན་གྱི་དཀྱིལ་འཁོར་ལེགས་པ་དང་། ཕྱག་སོར་དྲ་བས་སྦྲེལ་བ། ཤིན་ཏུ་མཐུ་ཆེ་བས་ཡུལ་མི་ཀུན་གྱིས་སྤྱུགས་ཏེ་གཡུ་ཡུལ་གཡམ་ཁང་དང་། བླ་འབྲུམ་གྱང་མདོ། དྭགས་ཡོན་མཁར། ང་ལ་གཡའ་མ་གོང་། དྭགས་ཡུལ་ཤིང་ནག ལྷ་ལུང་སྟག་པ། ཡར་ཁྱིམ་སོག་ཀ་བཙན་ཐང་སྒོ་བཞི་བརྒྱུད་དེ་རྒྱལ་ཕྲན་[683]འགའ་ཞིག་དབང་དུ་བསྡུས་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མཛད་ཅིང་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས། ཁོང་གི་སྐུ་བོན་ནི་མཚེ་མི་སྨུ་རྒྱལ་དང་། གཅོའུ་ཕྱག་གར་གཉིས་ཀྱིས་མཛད་ཅིང་བོན་ཆོས་དར་རྒྱས་མཛད། སྐུ་མཁར་ཡུམ་བུ་བླ་སྒང་བཞེངས་ཤིང་གནམ་མུག་མུག་གམ་མུ་ཚོ་བཟའ་བྱ་བ་ཁབ་ཏུ་བཞེས་ཏེ་རིགས་སྲས་མུ་ཁྲི་བཙན་པོ་སྐུ་འཁྲུངས་ནས་སྲས་ཀྱིས་ཆིབས་ཁ་ཐུབ་པ་ཙམ་གྱི་དུས་སུ་སྐུ་གཤེགས། 《དེབ་ཐེར་ཀུན་གསལ་མེ་ལོང》ལས་སུམ་པའི་བོན་པོ་ཨོ་ལོང་གིས་བཀྲོངས་པར་གསུངས་སོ། ཁོང་གི་བང་སོ་གནམ་ལ་བཏབ། ཁོང་གི་མཚན་གཞན་ལ་ཨུ་བེ་ར་དང་འོ་ལྡེ་སྤུ་རྒྱལ་ཞེས་ཞུའོ། །ཁོང་ནི་གནམ་གྱི་ཁྲི་བདུན་ལ་ཁྲི་དང་པོ་ཡིན་ནོ། །

language:
Tibetan