- mnyam med dwags po lha rje/
- ID:
- T70956
- མཉམ་མེད་དྭགས་པོ་ལྷ་རྗེ (Tibetan, Tibetan script, Original)
- > mnyam med dwags po lha rje/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyammé dakpo lharjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
རབ་བྱུང་དང་པོའི་ས་ལུག་༡༠༧༩ལོ་ནས་རབ་བྱུང་གསུམ་པའི་ཆུ་བྱ་(༡༡༥༣)ལོ་བར་དགུང་ལོ་བདུན་ཅུ་དོན་ལྔ་བཞུགས། དགུང་ལོ་ཆུང་དུས་ནས་སྨན་དང་སྔགས་ལ་མཁས་པར་གྱུར་ཏེ་སྨན་པ་རྒྱུན་རིང་ཙམ་མཛད།རྗེས་སུ་སྲས་དང་སྲས་མོ་གཉིས་བྱུང་བ་ཡང་འདས་ཤིང་།ལྕམ་ཡང་འདས་པས་ཐུགས་སྐྱོ་སྟེ་དགུང་ལོ་ཉེར་དྲུག་པར་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་བསྒྲུབ་པ་གནང་ནས་མཚན་བསོད་ནམས་རིན་ཆེན་དུ་གསོལ།དེ་ནས་བཀའ་གདམས་པའི་དགེ་བཤེས་མང་པོའི་ས་ནས་བཀའ་གདམས་ཀྱི་ཆོས་རྣམས་ཆ་ཚང་བ་གསན།དགུང་ལོ་སོ་གཅིག་པ་ས་གླང་ལ་རྗེ་བཙུན་མི་ལ་རས་པ་དང་མཇལ་ནས་གསང་སྔགས་ཀྱི་ཆོས་གསན་ནས་ལོ་ངོ་དྲུག་ཙམ་བཞུགས།དགུང་ལོ་ཞེ་གསུམ་པ་རབ་བྱུང་གཉིས་པིའ་ལྕགས་གླང་(༡༡༢༡)ལོར་དྭགས་ལྷ་སྒམ་པོའི་ད གོན་པ་བཏབ་སྟེ་གནས་གཞི་བཟུང་བ་གནང་།དེ་ནས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་དྭགས་པོ་བཀའ་བརྒྱུད་ཆོས་ལུགས་ཚང་མ་དངོས་དང་བརྒྱུད་པའི་སྒོ་ནས་འདི་ལས་གྱེས་ན་ཤ་སྟག་ཡིན།རྣམ་ཐར་རྒྱས་པ་དབོན་པོ་ཟླ་འོད་རྒྱལ་མཚན་གྱིས་མཛད་པ་ཡོད་ལ།གཞན་ཡང་བཀའ་བརྒྱུད་ཆོས་ལུགས་ཀྱི་ཆོས་འབྱུང་མང་ཆེ་བའི་འགོར་དྭགས་པོ་རིན་པོ་ཆེའི་རྣམ་ཐར་མ་འཁོད་པ་མེད་པ་ལྟ་བུ་ཡིན།
- language:
- Tibetan
3. Thupten Phuntsok Dictionary
རབ་བྱུང་དང་པོའི་ས་ལུག (༡༠༧༩) ལོ་ནས་རབ་བྱུང་གསུམ་པའི་ཆུ་བྱ (༡༡༥༣) ལོ་བར་དགུང་ལོ་བདུན་ཅུ་དོན་ལྔ་བཞུགས། དགུང་ལོ་ཆུང་དུས་ནས་སྨན་དང་སྔགས་ལ་མཁས་པར་གྱུར་ཏེ་སྨན་པ་རྒྱུན་རིང་ཙམ་མཛད། རྗེས་སུ་སྲས་དང་སྲས་མོ་གཉིས་བྱུང་བ་ཡང་འདས་ཤིང་། ལྕམ་ཡང་འདས་པས་ཐུགས་སྐྱོ་སྟེ་དགུང་ལོ་ཉེར་དྲུག་པར་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་བསྒྲུབ་པ་གནང་ནས་མཚན་བསོད་ནམས་རིན་ཆེན་དུ་གསོལ། དྭགས་ལྷ་སྒམ་པོའི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་གནང་། དེ་ནས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་དྭགས་པོ་བཀའ་བརྒྱུད་ཟེར་ཞིང་།
- language:
- Tibetan