Skip to main content Skip to search
tang kun nag po/
ID:
T73244
  • ཏང་ཀུན་ནག་པོ (Tibetan, Tibetan script, Original)
    • > tang kun nag po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tangkün nakpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jim Valby Dictionary

cimicifuga foetida l.

language:
English

2. Thupten Phuntsok Dictionary

འདི་ལ་རིགས་དང་ངོས་འཛིན་ཅུང་མི་འདྲ་བ་མང་ཡང་། ཕོ་མོ་རིགས་གཉིས་ལས་དང་པོ་འདི་ཕོའམ་ནག་པོ་སྟེ། ཡུལ་གར་ཡང་ཡོད་པ་དང་། མང་ཆེ་བ་ཁ་མཐོའི་སྤང་དང་རྫ་སྤང་འདྲེས་མ་སོགས་ལ་སྐྱེ། ལོ་མང་སྐྱེ་བའི་ལྡུམ་རིགས་ཏེ། རྩ་བ་རྐང་གཅིག་སྦོམ་ལ་རིང་བ། སྡོང་པོ་ཁོང་སྟོང་སུལ་རིས་ཅན་ཁ་དོག་དམར་སྨུག་ཡོད་པ་མང་པོ་གཤིབ་ནས་དྲང་པོར་སྐྱེ་བ། ལོ་མ་ལྗང་ནག་ཉག་ཆེན་སྔོ་སིབ་པ་ཏྲ་འདྲ་བ་མང་ཆེ་བ་རྩ་བ་ནས་གྱེས་པ། (ཏང་ཀུན་དཀར་པོ) མོའམ་དཀར་པོ་ཞེས་པ་འབྲོག་ཁུལ་གྱི་ས་ཆ་གར་ཡང་སྐྱེ་བ། སྐྱེ་སྟོབས་གོང་མ་ལས་ཆུང་ཞིང་ཕྲ་བ། མཚན་ཉིད་ཕལ་ཆེར་གོ་སྙོད་འདྲ་བ། དྲི་ཞིམ་པས་ཡུལ་འགའ་ཞིག་གིས་སྤོད་དུ་སྦྱར་བ། སྨན་དུ་སྦྱར་བྱ་ནི་རྩ་བ་སྟེ་ཟླ་བ་10~11པར་བརྐོས་ནས་ས་དྲེག་གཙང་མར་བཀྲུ་བ་དང་ཕྱག་ལེན་འགའ་ཞིག་ཏུ་ལོ་སྡོང་མེ་འབྲས་ལ་མཛད་པའང་ཡོད་པས་སྔོ་འཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་ཚ། ཞུ་རྗེས་བསིལ། ནུས་པས་སྙིང་གི་ཚད་པ་འཇོམས། དུག་ནད་སེལ་ཞིང་དུག་ཚད་སྡུད། བད་རླུང་གི་ནད་ལ་ཕན།

language:
Tibetan