- tri sha ku ne/
- ID:
- T74032
- ཏྲི་ཤ་ཀུ་ནེ (Tibetan, Tibetan script, Original)
- > tri sha ku ne/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > trisha kuné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
ཏྲི་ཤ་ཀུ་ནེ་ཞེས་པ་ཆུ་གསུམ་གྱི་འདུས་མདོ་ཞེས་པའི་དོན་ཏེ། བུ་སྟོན་རིན་པོ་ཆེས་མཛད་པའིབདེ་མཆོག་ཆོས་འབྱུང》ལས། རྒྱ་གར་ནུབ་ཕྱོགས་ཏཱ་སིག་གི་ཡུལ་ཆུ་བོ་གངྒཱ་དང་། གན་ཏི། སུ་རུ་པ་གསུམ་གྱི་འདུས་མཚམས་དེར་ཡོད་པར་གསུངས། བཙན་པོ་པཎྜི་ཏའིའཛམ་གླིང་རྒྱས་བཤད》ལས། ཡུལ་པ་ཛ་པ་ནས་ཤར་ལྷོར་ཆུ་ཀླུ་ཀང་ཀ་ར་དང་། སུ་ཏ་ལ་ཟེར་བ་གཉིས་བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་འབབ་ཀྱི་ཡོད་པ་དེར་ས་གྷ་ར་ཟེར་བའི་ཡུལ་ཡོད་ཅིང་། ཆུ་ཀླུང་ཀང་ཀ་རའི་ནུབ་འགྲམ་ན་སཻ་མན་ཧ་ཟེར་བའི་ཀླ་ཀློའི་གྲོང་ཁྱེར་ཆེན་པོ་ཞིག་དང་། ཆུ་ཀླུང་ཏི་མུ་ཧ་ཟེར་བ་བཅས་གསུམ་འདུས་པའི་མཚམས་དེར་ཡོད་ཅེས་གསལ།
- language:
- Tibetan