- rta sha/
- ID:
- T75942
- རྟ་ཤ (Tibetan, Tibetan script, Original)
- > rta sha/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tasha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
5. Thupten Phuntsok Dictionary
རྟའི་ཤ་སོག་པའི་མེ་ལོང་འོག་གི་ཤ་གནད་དང་། དཔྱི་ཡི་སྟ་ཟུར་གྱི་ཤ་གནད་གཉིས་ཀྱི་མིང་ལ་འཇུག་པས་སྐབས་ཐོབ་ཏུ་གོ་དགོས་པ་ཞིག་སྟེ། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ལས། རྟ་ཤ་ནི། ལག་པ་ཤུགས་ཀྱིས་གྱེན་དུ་འགྲེང་བའི་ཚེ་སོག་གཞུག་ཏུ་ཕྲ་ཞིང་འདྲིལ་བའི་ཤ་གནད་གཉིས་དང་། རྐང་པ་ཤུགས་ཀྱིས་དྲང་པོར་འགྲེང་བའི་ཚེ་དཔྱི་ཡི་སྟ་ཟུར་དུ་སྲ་ཞིང་འདྲིལ་བའི་ཤ་གནད་གཉིས་བཅས་བཞིའི་སྤྱི་མིང་ངོ་། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan