- stag phu blo bzang bstan pa'i rgyal mtshan/
- ID:
- T78312
- སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
- > stag phu blo bzang bstan pa'i rgyal mtshan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > takpu lozang tenpé gyemtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
(b. ca. 1765)
- language:
- English
-
b. ca. 1765
- language:
- English
2. dung dkar bod rig pa'i tshig mdzod chen mo
མཚན་གཞན་བློ་གྲོས་རྒྱ་མཚོ་མཆོག་ནི་ཀོང་སྟོད་ཉང་པོ་རྒྱ་ནང་དུ་གནུབས་ཀྱི་རིགས་སུ་ཡབ་སྔགས་འཆང་དཀོན་མཆོག་སྙན་གྲགས་དང་ཡུམ་འཛོམས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ(༡༧༡༤)ལོར་འཁྲུངས། སྐུ་ཆུང་ངུའི་དུས་དོ་བོ་མགོའི་བླ་ཟུར་ཆུ་མཁར་སྤྲུལ་སྐུའི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ། དགུང་ལོ་ལྔ་ལ་ཆོས་འདོད་མཁས་པ་རྡོ་རྗེ་རྒྱལ་མཚན་གྱི་སར་ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བཅུ་གཉིས་ལ་བསང་ངོ་བོ་དགོན་གྱི་བླ་མ་མཛད། དགུང་ལོ་བཅུ་གསུམ་ལ་སྟག་ཕུ་ངག་དབང་ཆོས་གྲགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བཅོ་ལྔ་ལ་ཉང་པོ་བྲག་དཀར་ལྷ་ཆུའི་དགོན་པར་ཟབ་མོའི་ཏིང་ངེ་འཛིན་ལ་སྒྲུབ་པ་རྩེ་གཅིག་ཏུ་བཞུགས། དགུང་ལོ་བཅུ་དྲུག་ལ་རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་པ་མདོ་སྨད་མགར་ཐར་དུ་རྒྱལ་དབང་བསྐལ་བཟང་རྒྱ་མཚོར་བཀའ་ཆོས་འབུལ་བར་ཕེབས་པའི་ལམ་ཞོར་དུ་བར་མ་རབ་བྱུང་བསྒྲུབས། མཚན་ངག་དབང་བློ་གྲོས་རྒྱ་མཚོ་ཞེས་བསྩལ། དེ་ལོར་ནགས་ཤོད་སྟག་ཕུ་བན་དཀར་དགོན་དུ་གདན་དྲངས། རྗེ་ཡོན་ཏན་དར་རྒྱས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་ལ་དབུས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། དགེ་བཤེས་འཇམ་དབྱངས་ཕུན་ཚོགས་དང་། ལྷོ་པ་དགེ་འདུན་བདེ་ལེགས་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་ཉེ་བདུན་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད། དེ་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་། རྩ་བའི་བླ་མ་གྲུབ་དབང་འཇམ་དཔལ་རྒྱ་མཚོ་སོགས་བསྟན་ནས་ཆོས་མང་དུ་གསན། དགུང་ལོ་ལོ་ཉེར་དགུ་ལ་དབུས་སུ་ཕེབས་ནས་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་། མི་དབང་བསོད་ནམས་སྟོབས་རྒྱས་སོགས་མཇལ། དགུང་ལོ་སུམ་ཅུ་ལ་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་དྲུང་དུ་བསྙེས་རྫོགས་ཀྱི་སྡོམ་པ་བཞེས། དེ་ལོར་ནགས་ཤོད་དུ་ཆིབས་བསྒྱུར་གྱིས་རབ་བརྟན་དགོན་སོགས་ལ་གཞི་གསུམ་ཕྱག་ལེན་དང་མདོ་བསྔགས་ཀྱི་ཆོས་འཁོར་བསྐོར། དགུང་ལོ་བཞི་བཅུ་ལ་དབུས་སུ་ཕེབས་ནས་འབྲས་སྤུངས་སུ་བཀའ་ཆོས་མང་དུ་གནང་།དགུང་ལོ་ཞེ་དྲུག་ལ་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསེར་སྡོང་ལ་མཆོད་འབུལ་མཛད་ཕྱིར་ལྷ་སར་ཕེབས། རྗེ་འདིས་གསུང་རྟེན་ལ་མཚོན་ན། 《རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ན་རོ་མཁའ་སྤྱོད་ཀྱི་རིམ་གཉིས་ཟབ་མོའི་ཉམས་ལེན་བེེ་ཌཱུརྱ་ཞུན་མའི་ཐེམ་སྐས》 《ལྷ་མོ་འོད་ཟེར་ཅན་གྱི་བརྒྱུད་འདེབས》《བྱང་ཆུབ་ཀྱི་སེམས་མངའ་བའི་བྱ་མགྲིན་སྔོན་ཟླ་བའི་རྟོགས་པ་བརྗོད་པ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་བ་རྣམས་ཀྱི་རྣ་རྒྱན》 《དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེང་ཆེན་འཛིན་གཏོར་ལ་བརྟེན་ནས་རྒྱུན་གྱི་ཉམས་ལེན་བྱ་ཚུལ》སོགས་པོད་ཆུང་གཉིས་ཙམ་མཛད། དགུང་ལོ་ཞེ་དགུ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པ་ཆུ་རྟ(༡༧༦༢)ལོར་སྐུ་གཤེགས།
- language:
- Tibetan
3. Thupten Phuntsok Dictionary
མཚན་གཞན་བློ་གྲོས་རྒྱ་མཚོ་མཆོག་ནི་ཀོང་སྟོད་ཉང་པོ་རྒྱ་ནང་དུ་གནུབས་ཀྱི་རིགས་སུ་ཡབ་སྔགས་པ་དཀོན་མཆོག་སྙན་གྲགས་དང་ཡུམ་འཛོམས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ (༡༧༡༤) ལོར་འཁྲུངས། སྐུ་ཆུང་ངུའི་དུས་དོ་བོ་མགོའི་བླ་ཟུར་ཆུ་མཁར་སྤྲུལ་སྐུའི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ། མཚན་ངག་དབང་ཡེ་ཤེས་གསོལ། དགུང་ལོ་ལྔ་ལ་ཆོས་འདོན་མཁས་པ་རྡོ་རྗེ་མཚན་གྱི་སར་ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བཅུ་གཉིས་ལ་བསང་ངོ་བོ་དགོན་གྱི་བླ་མ་མཛད། དགུང་ལོ་བཅུ་གསུམ་ལ་སྟག་ཕུ་ངག་དབང་ཆོས་གྲགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བཅོ་ལྔ་ལ་ཉང་པོ་བྲག་དཀར་ལྷ་ཆུའི་དགོན་པར་ཟབ་མོའི་ཏིང་ངེ་འཛིན་ལ་སྒྲུབ་པ་རྩེ་གཅིག་ཏུ་བཞུགས། བཀའ་རྩོམ་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་རིམ་གཉིས་ཟབ་མོའི་ཉམས་ལེན་བཻཌཱུརྱ་ཞུན་མའི་ཐེམ་སྐས》 ལྷ་མོ་འོད་ཟེར་གྱི་བརྒྱུད་འདེབས》 བྱང་ཆུབ་ཀྱི་སེམས་མངའ་བའི་བྱ་མགྲིན་སྔོན་ཟླ་བའི་རྟོགས་པ་བརྗོད་པ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་བ་རྣམས་ཀྱི་རྣ་རྒྱན》 དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེང་ཆེན་འཛིན་གཏོར་ལ་བརྟེན་ནས་རྒྱུན་གྱི་ཉམས་ལེན་བྱ་ཚུལ》སོགས་པོད་ཆུང་གཉིས་ཙམ་མཛད། དགུང་ལོ་ཞེ་དགུ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པ་ཆུ་རྟ (༡༧༦༢) ལོར་སྐུ་གཤེགས།
- language:
- Tibetan
4. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1714 ལོར་ཀོང་སྟོད་ཉང་པོ་རྒྱ་ནང་དུ་གནུབས་ཀྱི་རིགས་སུ་ཡབ་དཀོན་མཆོག་སྙན་གྲགས་དང་། ཡུམ་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ 1762 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དོ་བོ་མགོའི་བླ་ཟུར་ཆུ་མཁར་སྤྲུལ་སྐུའི་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་ལ་ངག་དབང་ཡེ་ཤེས་ཞེས་གསོལ། དགུང་ལོ་ལྔ་པར་མཁས་པ་རྡོ་རྗེ་རྒྱལ་མཚན་ལས་ཡི་གེའི་སྦྱོར་ཀློག་བསླབས། དགུང་ལོ་བརྒྱད་པར་ཡབ་དཀོན་མཆོག་སྙན་གྲགས་སྐུ་གཤེགས་ཤིང་དགོངས་རྫོགས་ལེགས་པར་བསྒྲུབས། དགུང་ལོ་བཅུ་གཉིས་པར་བསང་ངོ་བོ་དགོན་གྱི་བླ་མ་མཛད། དགུང་ལོ་བཅུ་གསུམ་པར་སྟག་ཕུ་ངག་དབང་ཆོས་གྲགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བཅོ་ལྔ་པར་ཉང་པོ་བྲག་དཀར་ལྷ་ཆུའི་དགོན་པར་ཟབ་མོའི་ཏིང་ངེ་འཛིན་ལ་སྒྲུབ་པ་རྩེ་གཅིག་ཏུ་བཞུགས། དགུང་ལོ་བཅུ་དྲུག་པར་རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ངག་དབང་བློ་གྲོས་རྒྱ་མཚོ་ཞེས་གསོལ། ལོ་དེར་ནགས་ཤོད་སྟག་ཕུ་བན་དཀར་དགོན་དུ་གདན་དྲངས་ཏེ་ཆོས་རྗེ་ཡོན་ཏན་དར་རྒྱས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། དགེ་བཤེས་[744]འཇམ་དབྱངས་ཕུན་ཚོགས་དང་། ལྷོ་པ་དགེ་འདུན་བདེ་ལེགས་སོགས་ལ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་ཉེར་བདུན་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། དགུང་ལོ་སུམ་ཅུ་ཐམ་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་ནགས་ཤོད་དུ་ཆིབས་བསྒྱུར་མཛད་དེ་རབ་བརྟན་སོགས་ལ་གཞི་གསུམ་གྱི་ཕྱག་ལེན་དང་། མདོ་སྔགས་ཀྱི་ཆོས་འཁོར་བསྐོར་ཞིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པར་མཛད། དགུང་ལོ་བཞི་བཅུ་ཞེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་སྟག་ཕུ་བློ་གྲོས་རྒྱ་མཚོ་ཞེས་ཞུའོ།། ཁོང་གི་གསུང་རྩོམ་ནི《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》དང་། 《སྟག་གདོང་རི་བོ་དཔལ་འབར་གྱི་བཅའ་ཡིག》། 《འཇམ་དབྱངས་ཀྱི་བསྟོད་པ་གདུང་ཤུགས་ང་རོ》བཅས་ཆོས་ཚན་དྲུག་ཅུ་ལོངས་པའི་པོ་ཏི་གཉིས་བཞུགས་སོ།།
- language:
- Tibetan