- stag btsan gdong gzigs/
- ID:
- T78333
- སྟག་བཙན་གདོང་གཟིགས (Tibetan, Tibetan script, Original)
- > stag btsan gdong gzigs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > taktsen dongzik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[1097] ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བློན་པོ་ཞིག་སྟེ་འཕྲུལ་བློན་མཛངས་མི་བདུན་གྱི་ཡ་གྱལ་ཞིག་བོད་ཀྱི་དེབ་ཐེར་ནང་དུ་ཁོང་གིས་མངའ་འབངས་ཀྱི་ཁྱིམ་རེ་ལ་རྟ་རེ་དང་གཡག་རེ། མཛོ་མོ་རེ། བ་གླང་རེ་གསོ་དགོས་པའི་གཏན་འབེབས་བྱས་ཤིང། དབྱར་ཁར་རྩྭ་བརྔས་ནས་བསྐམས་ཏེ་དགུན་ཐོག་སྟེར་རྒྱུའི་སྲོལ་གཏོད་པ་པོ་ཡིན་ཞེས་བཀོད་དོ། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
ཆོས་རྒྱ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ། འཕྲུལ་བློན་མཛངས་མི་བདུན་གྱི་བདུན་པ།འདིས་འབངས་མི་ཁྱིམ་རེ་ལ་རྟ་རེ་དང་། མཛོ་རེ། བ་རེ། གླང་རེ་ལ་སོགས་པ་གཉེར་སྐྱོང་བྱེད་དགོས་པའི་གཏན་འབེབས་བཟོས་ཤིང་། དབྱར་གྱི་དུས་སུ་རྩྭ་སྔོན་པོ་བརྔས་ཏེ་བསྐམས་ནས་དགུན་དུས་ཀྱི་ཕྱུགས་གསོས་གསོག་འཇོག་བྱེད་དགོས་པའི་ལམ་སྲོལ་བཙུགས་ནས་འབྲོག་ལས་ཐོན་སྤེལ་གྱི་བྱ་བར་དམིགས་བསལ་གྱི་བྱས་རྗེས་བཞག་ཡོད། དེ་བཞིན་ཁོང་གིས་སྐབས་དེའི་བན་བོན་གཉིས་དབར་གྱི་གྲུབ་མཐའི་རྩོད་གླིང་ཛ་དྲག་ཆེན་པོ་དེར་བར་དུམ་མཛད་ནས་བདེན་རྫུན་གྱི་ཕུ་ཐག་གཅོད་པར་བྱེད་པའི་བན་དེ་ཀུན་གྱི་ཁ་འཛིན་དཔང་པོར་བཞག་ཅེས་ལོ་རྒྱུས་ཡིག་ཚང་དུ་གསལ།
- language:
- Tibetan
4. Thupten Phuntsok Dictionary
ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བློན་པོ་ཞིག་སྟེ་འཕྲུལ་བློན་མཛངས་མི་བདུན་གྱི་ཡ་གྱལ་ཞིག བོད་ཀྱི་དེབ་ཐེར་ནང་དུ་ཁོང་གིས་མངའ་འབངས་ཀྱི་ཁྱིམ་རེ་ལ་རྟ་རེ་དང་གཡག་རེ། མཛོ་མོ་རེ། བ་གླང་གསོ་དགོས་པའི་གཏན་འབེབས་བྱས་ཤིང་། དབྱར་ཁར་རྩྭ་བརྔས་ནས་བསྐམས་ཏེ་དགུན་ཐོག་སྟེར་རྒྱུའི་སྲོལ་གཏོད་པ་པོ་ཡིན་ཞེས་བཀོད་དོ། །
- language:
- Tibetan
5. smon lam tshig mdzod chen mo
ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བློན་པོ་ཞིག་སྟེ་འཕྲུལ་བློན་མཛངས་མི་བདུན་གྱི་ཡ་གྱལ་ཞིག་བོད་ཀྱི་དེབ་ཐེར་ནང་དུ་ཁོང་གིས་མངའ་འབངས་ཀྱི་ཁྱིམ་རེ་ལ་རྟ་རེ་དང་གཡག་རེ། མཛོ་མོ་རེ། བ་གླང་རེ་གསོ་དགོས་པའི་གཏན་འབེབས་བྱས་ཤིང༌། དབྱར་ཁར་རྩྭ་བརྔས་ནས་བསྐམས་ཏེ་དགུན་ཐོག་སྟེར་རྒྱུའི་སྲོལ་གཏོད་པ་པོ་ཡིན་ཞེས་བཀོད་དོ།
- language:
- Tibetan