- stag ri gnyan gzigs/
- ID:
- T78363
- སྟག་རི་གཉན་གཟིགས (Tibetan, Tibetan script, Original)
- > stag ri gnyan gzigs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > takri nyenzik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. bod rgya tshig mdzod chen mo
[1098] སྟག་བུ་སྙ་གཟིགས་ཀྱང་ཟེར། འབྲོང་གཉན་ལྡེ་རུ་དང་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་གཉིས་ཀྱི་སྲས། དམུས་ལོང་དཀོན་པ་བཀྲ་ཤིས་ཞེས་བྱ་བ་དེ་ཡིན། བོད་རྒྱལ་གདུང་རབས་སོ་གཅིག་པ་ཡིན་ལ། ཕྱིས་སུ་ཕའི་ཁ་ཆེམས་བཞིན་དུ་གཉན་པོ་གསང་བ་མཆོད་ཅིང། འ་ཞ་ཡུལ་ནས་སྨན་པ་ཞིག་བོས་ནས། མིག་ལ་སྨན་དཔྱད་བྱས་པས་མིག་ཕྱེ་སྟེ། སྐྱིད་ཤོད་སྟག་མོའི་རི་ལ་གཉན་འདུག་པ་གཟིགས་པས། སྟག་རི་གཉན་གཟིགས་སུ་གྲགས། འདིའི་རིང་ལ་འ་ཞ་ལ་སོགས་པའི་རྒྱལ་ཁབ་ཆུང་བ་མང་པོ་ཞིག་དང། ཉང་སྦས་གནོན་གསུམ་འབངས་སུ་ཆུད། བྲེ་དང་སྲང་བཅོས་ནས་ཚོང་ཁྲོམ་སོགས་དར་རྒྱས་བྱུང་ཞེས་བཤད་དོ། ...
- language:
- English
4. dung dkar bod rig pa'i tshig mdzod chen mo
(སྟག་བུ་སྙ་གཟིགས་ཞེས་པའང་སྣང)བོད་རྒྱལ་སོ་གཅིག་པ།ཡབ་འབྲོང་གཉན་ལྡེ་རུ་དང་ཡུམ་མཆིམས་བཟའ་ཀླུ་རྒྱལ་གྱི་སྲས།འདི་ཉིད་ཐོག་མར་བཙས་སྐབས་དམུས་ལོང་ཞིག་ཡིན་པས་མཚན་ཡང་དམུས་ལོང་དཀོན་པ་བཀྲ་ཞེས་གསོལ།ཡབ་ཀྱི་ཞལ་ཆེམས་བཞིན་འདི་ཉིད་ཀྱིས་འ་ཞའི་ཡུལ་ནས་སྨན་པ་གདན་དྲངས་ཏེ་སྦྱན་ཕྱེ་སྐབས་སྐྱིད་ཤོད་སྟག་མོ་རི་ལ་རི་དྭགས་གཉན་གཟིགས་སུ་ཐོགས། ཁྲི་ངོར་སྣང་བཙན་མོང་། སྣ་ནམ་མང་གཉའ། སྦྲང་ཁྲི་ཟུང་ལན་པ་རྣམས་ཀྱིས་བླུན་པོ་བྱས། ར་སངས་ཁྲི་ནེ་ཁོད་ཀྱིས་སྐུ་བོན་བྱས །སྟོང་བཙུན་འབྲོ་དཀར་རམ་འོལ་གོད་བཟའ་སྟོང་བཙུན་འབྲོ་ག་ཁབ་ཏུ་བཞེས།རྒྱལ་པོ་འདིས་བན་པ་རྗེ་དང་། འ་ཞ་རྗེ། དྲང་གར་རྗེ། ཟིང་པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ་ནས་མངའ་འོག་ཏུ་འདུ་བར་བྱས། རྒྱལ་པོ་འདིའི་དུས་སུ་འཕྲུལ་བློན་མཛངས་མི་བདུན་གྱི་གསུམ་པ་ངོར་སྣང་བཙན་མོང་གིས་ཚོང་ལས་དང་འཇལ་བྱེད་བྲེ་སྲང་སོགས་གསར་དུ་གཏོད། རྒྱལ་པོ་འདི་ནི་དབུ་རྨོག་བཙན་ལ་སྙན་གྲགས་ཆེ་བ་ཞིག་བྱུང་། རྒྱལ་པོ་འདིའི་གདུང་གི་བང་སོ་དོན་མཁར་མདའ་རུ་བརྩིགས་པ་དང་། གྲལ་ནི་ཁྲི་གཟུང་བང་སོའི་གཡོན་ན་ཡོད། དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ།
- language:
- Tibetan
5. Thupten Phuntsok Dictionary
སྟག་བུ་སྙ་གཟིགས་ཀྱང་ཟེར། འབྲོང་གཉན་ལྡེ་རུ་དང་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་གཉིས་ཀྱི་སྲས། དམུས་ལོང་དཀོན་པ་བཀྲ་ཤིས་ཞེས་བྱ་བ་དེ་ཡིན། བོད་རྒྱལ་གདུང་རབས་སོ་གཅིག་པ་ཡིན་ལ། ཕྱིས་སུ་ཕའི་ཁ་ཆེམས་བཞིན་དུ་གཉན་པོ་གསང་བ་མཆོད་ཅིང་། འ་ཞའི་ཡུལ་ནས་སྨན་པ་ཞིག་བོས་ནས། མིག་ལ་སྨན་དཔྱད་བྱས་པས་མིག་ཕྱེ་སྟེ། སྐྱིད་ཤོད་སྟག་མོའི་རི་ལ་གཉན་འདུག་པ་གཟིགས་པས། སྟག་རི་གཉན་གཟིགས་སུ་གྲགས། འདིའི་རིང་ལ་འ་ཞ་ལ་སོགས་པའི་རྒྱལ་ཁབ་ཆུང་བ་མང་པོ་ཞིག་དང་། ཉང་སྦས་གནོན་གསུམ་འབངས་སུ་ཆུད། བྲེ་དང་སྲང་བཅོས་ནས་ཚོང་ཁྲོམ་སོགས་དར་རྒྱས་བྱུང་ཞེས་བཤད་དོ། །ལོ་ངོ་ང་གཉིས་ཙམ་སྲིད་སྐྱོང་བསལ།
- language:
- Tibetan
6. smon lam tshig mdzod chen mo
སྟག་བུ་སྙ་གཟིགས་ཀྱང་ཟེར། འབྲོང་གཉན་ལྡེ་རུ་དང་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་གཉིས་ཀྱི་སྲས། དམུས་ལོང་དཀོན་པ་བཀྲ་ཤིས་ཞེས་བྱ་བ་དེ་ཡིན། བོད་རྒྱལ་གདུང་རབས་སོ་གཅིག་པ་ཡིན་ལ། ཕྱིས་སུ་ཕའི་ཁ་ཆེམས་བཞིན་དུ་གཉན་པོ་གསང་བ་མཆོད་ཅིང༌། འ་ཞའི་ཡུལ་ནས་སྨན་པ་ཞིག་བོས་ནས། མིག་ལ་སྨན་དཔྱད་བྱས་པས་མིག་ཕྱེ་སྟེ། སྐྱིད་ཤོད་སྟག་མོའི་རི་ལ་གཉན་འདུག་པ་གཟིགས་པས། སྟག་རི་གཉན་གཟིགས་སུ་གྲགས། འདིའི་རིང་ལ་འ་ཞ་ལ་སོགས་པའི་རྒྱལ་ཁབ་ཆུང་བ་མང་པོ་ཞིག་དང༌། ཉང་སྦས་གནོན་གསུམ་འབངས་སུ་ཆུད། བྲེ་དང་སྲང་བཅོས་ནས་ཚོང་ཁྲོམ་སོགས་དར་རྒྱས་བྱུང་ཞེས་བཤད་དོ།
- language:
- Tibetan
7. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་ལྔ་པའི་དུས་སྨད་ཙམ་དུ་ཡབ་རྒྱལ་པོ་འབྲོང་གཉན་ལྡེའུ་དང་། ཡུམ་མཆིམས་བཟའ་ཀླུ་རྒྱལ་ངན་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་བྱིས་པའི་དུས་ཀྱི་མིང་ལ་དམུས་ལོང་དཀོན་པ་བཀྲ་ཞེས་ཞུ། ཁོང་འཁྲུངས་པའི་དུས་ནས་སྤྱན་མིག་མི་གསལ་བས་འ་ཞའི་ཡུལ་ནས་སྨན་པ་གདན་དྲངས་ཏེ་སྤྱན་མིག་གསལ་བར་གྱུར་ཞིང་སྟག་མོའི་རི་ལ་རི་དྭགས་གཉན་ཡོད་པར་གཟིགས་པས་མཚན་ལ་སྟག་རི་གཉན་གཟིགས་ཞེས་གསོལ། ཁོང་གི་སྐུ་བོན་ནི་ར་སངས་ཁྲི་ནེ་ཁོད་ཀྱིས་མཛད། བཙུན་མོ་འོལ་གོད་བཟའ་སྟོང་བཙུན་འབྲོ་གར་ཁབ་ཏུ་བཞེས་ཏེ་རིགས་སྲས་གནམ་རི་སྲོང་བཙན་སྐུ་འཁྲུངས། བློན་པོ་ཁྲི་དོར་སྣང་བཙུན་མོང་གི་བུས་མཛད་ནས་དྭགས་པོ་ལ་སོགས་པའི་མཐའི་རྒྱལ་ཕྲན་འགའ་ཞིག་དབང་དུ་བསྡུས་ནས་སྐུ་གཤེགས། ཁོང་གི་བང་སོ་དོན་མཁར་མདའ་རུ་བརྩིགས་ཏེ་གྲལ་ནི་ཁྲི་གཉན་གཟུངས་བཙན་གྱི་བང་སོའི་གཡོན་ན་ཡོད་དོ།།
- language:
- Tibetan