- stag lung thang pa bkra shis dpal/
- ID:
- T78375
- སྟག་ལུང་ཐང་པ་བཀྲ་ཤིས་དཔལ (Tibetan, Tibetan script, Original)
- > stag lung thang pa bkra shis dpal/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > taklung tangpa trashipel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
Taklung Tangpa, Tashi Pal; 1142-1210:. Disciple of Phagmo Drupa (1110-1170). Founded Taklung Monastery (around 1180-1185) and the Taklung tradition
- language:
- English
3. bod rgya tshig mdzod chen mo
[1099] འགྲོ་མགོན་ཕག་གྲུ་པའི་སློབ་མ་རབ་བྱུང་གཉིས་པའི་ཆུ་ཕོ་ཁྱི་ཡི་ལོ་ལ་འཁྲུངས་ཤིང། གདུང་གྭ་ཟི། དགུང་ལོ་ཉེར་བཞིའི་དུས་སུ་ཕག་མོ་གྲུ་པའི་ཉེ་གནས་མཛད། ཐུགས་རྩིས་ཆེ་ཞིང་གདམས་པ་རྫོགས་པར་གནང། ཕག་གྲུ་གཤེགས་ནས་མལ་གྲོ་མཆད་ཀ་པ་ལས་བཀའ་གདམས་གསན། དགུང་ལོ་སོ་དགུ་པ་ལ་པོ་ཏོ་བའི་བཞུགས་ཤུལ་དུ་སྟག་ལུང་དགོན་པ་བཏབ། དེ་ནས་བཟུང་སྟག་ལུང་བཀའ་བརྒྱུད་ཅེས་པ་བྱུང་ཞིང་འདུལ་བའི་ཕྱག་ལེན་ཞིབ་པར་མཛད་པས་གྲྭ་རྒྱུན་རྣམས་ཀྱིས་ཀྱང་དེའི་རྗེས་སུ་དམ་པོར་འཛིན་པར་གྲགས། དགུང་ལོ་དྲུག་ཅུ་རེ་དགུ་པ་རྟ་ལོ་ལ་གཤེགས། ... ༼1142-1210༽ ...
- language:
- English
4. dung dkar bod rig pa'i tshig mdzod chen mo
འདི་ནི་ཕག་གྲུའི་སློབ་མ་ཁམས་པ་མི་གསུམ་ཞེས་པའི་གྲས་ཡིན་འཁྲུངས་ཡུལ་ནི་མདོ་སྟོད་ཀུ་གཡུང་སྒང་གི་ནང་ཚན་གཡང་ང་གཡང་ཤོད་དུ་འབོད་པ་དེར་ཡབ་ཀླུ་དགེ་ཤན་བློན་དང་ཡུམ་ཤིང་བཟའ་དགེ་གསུམ་ཕྲོ་མོ་ཞེས་པའི་སྲས་སུ་རབ་བྱུང་གཉིས་པིའ་ཆུ་ཁྱི(༡༡༤༢)ལོར་སྐུ་འཁྲུངས། རབ་བྱུང་བཞི་པའི་ས་འབྲུག(༡༢༠༨)ལོར་སྐུ་གཤེགས། དགུང་ལོ་དྲུག་ཅུ་རེ་བདུན་བཞུགས། དགུང་ལོ་ཆུང་དུས་ནས་ཆོས་སྒོར་བཞུགས་ཏེ་རབ་བྱུང་གནང་འདོད་ཡོད་ཀྱང་ཡབ་ཀྱི་གནང་བ་མ་ཐོབ། ཡབ་དང་མ་ཡར་སོགས་ཀྱིས་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་ཁྱིམ་དུ་བཞུགས་པར་བསྐུལ་ཡང་མ་གསན་པར་དགུང་ལོ་བཅོ་བརྒྱད་པ་ལ་མཁན་པོ་ལྷ་ཁང་པ་ཤེས་རབ་རྡོ་རྗེ་དང་། སློབ་དཔོན་མཚར་སྟོན་སྒོ་མང་པ་གཉིས་ཀྱི་དྲུང་དུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་བཀྲ་ཤིས་དཔལ་ཞེས་གསོལ། དགེ་བཤེས་བྲག་དགོན་པའི་དྲུང་དུ་བཞུགས་ནས་ཕར་ཕྱིན་དང་། དབུ་མ། གསང་སྔགས་སྐོར་མང་པོ་གསན། ལྷག་པར་དུ་ཁོང་གིས་འགྲོ་མགོན་ཕག་མོ་གྲུ་པའི་ཁྱད་ཆོས་དང་བསྔོད་བསྔགས་མང་པོ་གསན་པ་ཙམ་གྱིས་དད་པ་ཆེར་སྐྱེས་ནས་ཕག་མོ་གྲུ་པའི་དངོས་སློབ་དགེ་བཤེས་རྨོག་ཆོས་བློའི་དྲུང་དུ་ཕེབས་ནས་འཁོར་ལོ་བདེ་ཆེན་གི་དབང་དང་། ཕྱག་ཆེན་གྱི་ཁྲིད་སོགས་ཕག་གྲུའི་བཀའ་བརྒྱུད་ཀྱི་ཆོས་སྐོར་མང་པོ་གསན། དགུང་ལོ་ཉི་ཤུ་རྩ་བཞི་པ་ཤིང་བྱ་ལོར་རང་ཡུལ་དུ་བཞུགས་པའི་རྩ་བའི་བླ་མ་རྣམས་ལ་ཕྱི་ཕྱག་མཛད་ནས་དབུས་སུ་ཕེབས། འགྲོ་མགོན་ཕག་མོ་གྲུ་པ་མཇལ་བ་ནས་བཟུང་བླ་མར་བསྟེན་ནས་བཀའ་གནང་བ་ལྟར་ཕག་མི་གྲུ་པ་སྐུ་མ་གཤེགས་བར་ལོ་མང་པོའི་རིང་ཉེ་གནས་ཀྱི་འགན་བཞེས་གནང་བས་སློབ་མའི་ནང་ནས་བླ་མ་ལ་མོས་གུས་མཐར་ཕྱིན་པ་སྟག་ལུང་ཐང་པ་ཞེས་གྲགས་པ་བྱུང་ཞིང་། བླ་མས་ཆོས་གང་གསུང་བ་རྣམས་ཚིག་འབྲུ་གཅིག་ཙམ་ཡང་མི་བརྗེད་པར་ཐུགས་ལ་འཛིན་ཐུབ་པའི་མཁྱེན་རབ་ཀྱི་རྩལ་ཕུལ་དུ་ཕྱིན་པ་ཞིག་ཡིན་ཅིང་བླ་མའི་ཉེ་གནས་མཛད་བཞིའི་པིའ་ངང་ནས་གནས་ལུགས་སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་ཏེ། བླ་མས་ཆོས་ཀྱི་བདག་པོར་མངའ་གསོལ་ནས་མན་ངག་ཐམས་ཅད་ཡོངས་རྫོགས་པ་གནང་། དགུང་ལོ་ཉེར་དགུ་པ་ལྕགས་སྟག་ལོར་འགྲོ་མགོན་ཕག་མོ་གྲུ་པ་གཤེསག་རྗེས་དགོངས་རྫོགས་མཆོད་འབུལ་དང་། གདུང་རྟེན་བཞེངས་རྒྱུ་སོགས་མཐར་ཕྱིན་པ་གྲུབ་། དེ་ནས་དགུང་ལོ་སོ་བརྒྱད་ལ་མ་ཕེབས་བར་ལོ་མང་པོའི་རིང་སེང་གླིང་སོགས་གནས་ངེས་མེད་དུ་སྐུ་མཚམས་དམ་པོར་བཞུགས། དགུང་ལ་སོ་དགུ་པ་རབ་བྱུང་གསུམ་པའི་ལྕགས་བྱི(༡༡༨༠)ལོར་དར་སྤྲས་རོང་གསུམ་ནང་འཁྲུགས་བྱུང་བའི་རྐྱེན་གྱིས་འདུམ་འགྲིག་ལ་གདན་དྲངས་པ་ལྟར་ཕེབས་ནས་འདུམ་འགྲིག་ལེགས་པར་མཛད་པས་ཁོ་ཚོ་སོ་སོའི་ལུང་པར་སྤྱན་དྲངས་ནས་ཡུལ་གཞིས་ལོངས་སྤྱོད་ཐམས་ཅད་སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་གཞིས་སུ་ཕུལ་ནས་དགོན་གནས་ཞིག་གསར་འདེབས་ཡོང་པའི་རེ་འདུན་ཞུས་པ་ལྟར་སྟག་ལུང་གི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་སྟག་ལུང་བཀའ་བརྒྱུད་དུ་གྲགས་པ་བྱུང་། གསུང་རྩོམ་སྐོར། སྐུ་གཞོན་དུས་སུ་ལྗགས་རྩོམ་མཛད་པ་མང་ཆེ་བ་ཁ་ཐོར་དུ་སོང་ནས་ཕྱོགས་བསྒྲིགས་མ་ཐུབ་ཀྱང་། སྐུ་མ་གཤེགས་བར་དུ་ལྗགས་རྩོམ་གནང་བ་གང་སྙེད་རྣམས་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ཕྱོགས་བསྒྲིགས་གནང་བ་སྟེ་དད་ལྡན་གྱི་སྐྱེ་བོ་ཡིད་ཆེས་པར་བྱེད་པ་རྣམ་ཐར་དང་ལོ་རྒྱུས་སྐོར་དང་རྩ་བའི་བླ་མའི་བཀའ་དྲིན་དྲན་པའི་གདུང་དབྱངས་གསོལ་འདེབས་ཀྱི་སྐོར། སྡོམ་པ་གསུམ་དང་ལམ་རིམ་སྐོར། དགེ་འདུན་སྡེ་ཁག་ལ་གནང་བའི་བཅའ་ཡིག་སྐོར། བསླབ་བྱ་དང་འཕྲིན་ཡིག་གི་སྐོར། གསང་སྔགས་ཀྱི་སྒྲུབ་ཐབས་སྐོར། གསང་སྔགས་ཀྱི་ཁྲིད་སྐོར། ཞལ་གདམས་དང་མགུར་མ་སྣ་ཚོགས་ཀྱི་སྐོར་བཅའ་སྡེ་ཚན་བརྒྱད་དུ་ཕྱེ་བའི་པོད་ཆེ་བ་ལྔ་ཙམ་ཡོད། ལོ་རྒྱུས་རྒྱས་པ《ལྷོ་རོང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༤༥༣ནས༤༩༢བར་དང་། དེབ་ཐེར་སྔོན་པོ་ལྕགས་དཔར་མའི་ཤོག་གྲངས༧༡༧ནས་ཤོག་གྲངས༧༦༥བར། སྟག་ལུང་ཞབས་དྲུང་ངག་དབང་རྣ་རྒྱལ་གྱིས་མཛད་པའི《སྟག་ལུང་ཆོས་བྱུང་ངོ་མཚར་རྒྱ་མཚོ》བཅས་སུ་གསལ་བས་དེ་རྣམས་སུ་གཟིགས།
- language:
- Tibetan
5. Thupten Phuntsok Dictionary
འགྲོ་མགོན་ཕག་གྲུ་པའི་སློབ་མ་རབ་བྱུང་གཉིས་པའི་ཆུ་ཕོ་ཁྱི་ཡི་ལོ་ལ་འཁྲུངས་ཤིང་། གདུང་གྭ་ཟི། དགུང་ལོ་ཉེར་བཞིའི་དུས་སུ་ཕག་མོ་གྲུ་པའི་ཉེ་གནས་མཛད། ཐུགས་རྩིས་ཆེ་ཞིང་གདམས་པ་རྫོགས་པར་གནང་། ཕག་གྲུ་གཤེགས་ནས་མལ་གྲོ་མཆད་ཀ་པ་ལས་བཀའ་གདམས་གསན། དགུང་ལོ་སོ་དགུ་པ་ལ་པོ་ཏོ་བའི་བཞུགས་ཤུལ་དུ་སྟག་ལུང་དགོན་པ་བཏབ། དེ་ནས་བཟུང་སྟག་ལུང་བཀའ་བརྒྱུད་ཅེས་པ་བྱུང་ཞིང་འདུལ་བའི་ཕྱག་ལེན་ཞིབ་པར་མཛད་པས་གྲྭ་རྒྱུན་རྣམས་ཀྱིས་ཀྱང་དེའི་རྗེས་སུ་དམ་པོར་འཛིན་པར་གྲགས། དགུང་ལོ་དྲུག་ཅུ་རེ་དགུ་པ་རྟ་ལོ་ལ་གཤེགས།
- language:
- Tibetan
6. smon lam tshig mdzod chen mo
འགྲོ་མགོན་ཕག་གྲུ་པའི་སློབ་མ་རབ་བྱུང་གཉིས་པའི་ཆུ་ཕོ་ཁྱི་ཡི་ལོ་ལ་འཁྲུངས་ཤིང༌། གདུང་གྭ་ཟི། དགུང་ལོ་ཉེར་བཞིའི་དུས་སུ་ཕག་མོ་གྲུ་པའི་ཉེ་གནས་མཛད། ཐུགས་རྩིས་ཆེ་ཞིང་གདམས་པ་རྫོགས་པར་གནང༌། ཕག་གྲུ་གཤེགས་ནས་མལ་གྲོ་མཆད་ཀ་པ་ལས་བཀའ་གདམས་གསན། དགུང་ལོ་སོ་དགུ་པ་ལ་པོ་ཏོ་བའི་བཞུགས་ཤུལ་དུ་སྟག་ལུང་དགོན་པ་བཏབ། དེ་ནས་བཟུང་སྟག་ལུང་བཀའ་བརྒྱུད་ཅེས་པ་བྱུང་ཞིང་འདུལ་བའི་ཕྱག་ལེན་ཞིབ་པར་མཛད་པས་གྲྭ་རྒྱུན་རྣམས་ཀྱིས་ཀྱང་དེའི་རྗེས་སུ་དམ་པོར་འཛིན་པར་གྲགས། དགུང་ལོ་དྲུག་ཅུ་རེ་དགུ་པ་རྟ་ལོ་ལ་གཤེགས། 11421210
- language:
- Tibetan
7. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་གཉིས་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1142 ལོར་[761]གཡར་ཤོད་བོང་ར་སྟེང་དུ་ཡབ་བ་ན་བློན་འབར་པོ་དང་། ཡུམ་བྲབ་ཤི་བཟའ་དགེ་སུམ་ཁྲོ་མོ་གཉིས་ཀྱི སྲས་སུ་སྐུ་འཁྲུངས། གདུང་རུས་དབྲ་གྭ་ཟི་འབྲིང་པོའི་ནང་ཚན་ཀླུ་དགེ་ཡིན། རབ་བྱུང་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ 1210 ལོར་སྐུ་གཤེགས། དགུང་ལོ་བཅོ་བརྒྱད་པར་མཁན་པོ་བླ་སྒང་པ་ཤེས་རབ་རྡོ་རྗེ་ལས་རབ་བྱུང་བསྒྲུབས། དགེ་བཤེས་བྲག་དགོན་པ་ལས་ཤེར་ཕྱིན་འགྲེལ་ཆུང་དང་། སྤྱོད་འཇུག བསླབ་བཏུས། ལམ་སྒྲོན། དོ་ཧ་སོགས་གསན་ནས་མཁས་པར་གྱུར། དགུང་ལོ་ཉེར་བཞི་པར་དཔལ་ཕག་མོ་གྲུ་པ་དང་མཇལ། དགྱེས་བཞིན་རྗེས་སུ་བཟུང་ནས་སྲས་ཀྱི་ཐུ་བོར་དབང་བསྐུར། ཕག་མོ་གྲུ་པའི་ཉེ་གནས་མཛད་ནས་ལོ་དྲུག་བཞུགས། གདམས་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་བས་རྟོགས་པ་མངོན་དུ་གྱུར། དེ་ནས་མལ་གྲོ་ལ་བྱོན་ཏེ་སློབ་དཔོན་འཆད་ཀ་ལས་བཀའ་གདམས་གསན། ཞང་ཤ་ར་བ་ལས་བསྙེན་པར་རྫོགས། དགུང་ལོ་སོ་དགུ་པར་དར་སྦས་རོང་གསུམ་དང་ཕོད་མདོ་བས་སྟག་ལུང་དུ་གདན་དྲངས། དེ་ནས་ཕག་གྲུའི་ལུང་བསྟན་པ་ལྟར་རབ་བྱུང་གསུམ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ 1180 ལོར་པོ་ཏོ་བའི་བཞུགས་ཤུལ་དུ་སྟག་ལུང་དགོན་པ་གསར་འདེབས་མཛད། དེ་ནས་བཟུང་སྟག་ལུང་ཐང་པར་གྲགས། རབ་ཏུ་བྱུང་ཚུན་ཆད་ཁྱིམ་པའི་ཁང་པར་མི་འབྱོན་ཞིང་། ཤ་ཆང་མི་གསོལ་བ། སྐ་རགས་མི་བཤིགས་པ། གླིང་གསེབ་ཏུ་བུད་མེད་མི་གཏོང་བ་སོགས་འདུལ་བའི་ཕྱག་ལེན་ཞིབ་པར་མཛད། གྲྭ་པ་སུམ་སྟོང་ལྷག་གི་ཚོགས་པ་བསྐྱངས་ནས་གདན་[762]སར་ལོ་ངོ་སུམ་ཅུ་ཐམ་པར་བཞུགས་སོ། ཁོང་གི་སློབ་མའི་གཙོ་བོ་ནི་དབོན་རིན་ཆེན་མགོན་པོ་ཡིན། ཁོང་གི་གསུང་རྩོམ་ནི་པོད་ཆེན་གཅིག་བཞུགས་སོ།།
- language:
- Tibetan