- steng gdon/
- ID:
- T78724
- སྟེང་གདོན (Tibetan, Tibetan script, Original)
- > steng gdon/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tengdön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
4. dung dkar bod rig pa'i tshig mdzod chen mo
གཟའ་དང་རྒྱུ་སྐར་གྱི་རིགས་ཏེ་དེས་གཏོང་བའི་ནད་གཞི་ནི་རིགས་བཞི་སྟེ་ས་དང་ཆུ་དང་མེ་དང་རླུང་བཅས་ཀྱི་ནད་རིགས་མི་འདྲ་བ་ཡོད་ཅེས་སྨན་གཞུང་འགའ་ཞིག་ལས་བཤད་ཅིང་། དེང་སང་ཁྲག་ཤེད་མཐོ་བའི་ནད་རིགས་ཤིག་ཡིན་པར་ཁས་ལེན། སངས་རྒྱས་ཆོས་ལུགས་ཀྱི་གཞུང་མང་པོ་ཞིགས་ཏུ་གཟའ་ནད་དུ་གྲགས་པའི་ནད་འདིའི་ཡོང་རྐྱེན་འདོད་ཆགས། ཞེ་སྡང་། གཏི་མུག་བཅས་དུག་གསུམ་ནང་ནས་གང་ཤས་ཆེ་བ་རྣམས་ལ་རིམ་བཞིན་ཆུ་གཟའ་དང་། མེ་གཟའ། རླུང་གཟའ་བཅས་ཀྱི་ནད་ཕོག་པ་དང་། ཕྱིའི་ནད་རྟགས་གང་དང་གང་ཡོད་པ་བཅས་ཀྱི་བཤད་ཚུལ 《པདྨ་བཀའ་ཐང》གི་ནང་དུ་གསལ།
- language:
- Tibetan