Skip to main content Skip to search
stong nyid bcu drug
ID:
T78916
  • སྟོང་ཉིད་བཅུ་དྲུག (Tibetan, Tibetan script, Original)
    • > stong nyid bcu drug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tongnyi chudruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

sixteen kinds of emptiness]]

language:
English

2. Ives Waldo Dictionary

3. dung dkar bod rig pa'i tshig mdzod chen mo

༡.ནང་སྟོང་པ་ཉིད། ༢.སྟོང་པ་ཉིད། ༣.ཕྱི་ནང་སྟོང་པ་ཉིད། ༤.སྟོང་པ་ཉིད་སྟོང་པ་ཉིད། ༥.ཆེན་པོ་སྟོང་པ་ཉིད། ༦.དོན་དམ་པ་སྟོང་ཉིད། ༧.འདུས་བྱས་སྟོང་ཉིད། ༨.འདུས་མ་བྱས་སྟོང་ཉིད། ༩.མཐའ་ལས་འདས་པ་སྟོང་ཉིད། ༡༠.ཐོག་མ་དང་ཐ་མ་མེད་པ་སྟོང་ཉིད། ༡༡.དོར་བ་མེད་པ་སྟོང་ཉིད། ༡༢.རང་བཞིན་སྟོང་ཉིད། ༡༣ཆོས་ཐམས་ཅད་སྟོང་སྟོང་ཉིད། ༡༤.རང་གི་མཚན་ཉིད་སྟོང་ཉིད། ༡༥.མི་དམིགས་པ་སྟོང་ཉིད། ༡༦.དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ཉིད་དེ་བཅུ་དྲུག་གོ། དེ་ཡང་མིག་སོགས་ནང་གི་སྐྱེ་མཆེད་དྲུག་བདེན་པར་གྲུབ་པ་མེད་པས་ནང་སྟོང་པ་ཉིད་དེ་བཞིན་དུ་གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་སྟོང་པ་ཕྱི་སྟོང་པ་ཉིད། ཕྱི་དང་ནང་གི་སྐྱེ་མཆེད་གཉིས་ཀ་སྟོང་པ་ཕྱི་ནང་སྟོང་པ་ཉིད་སྟོང་པ་ཞེས་བྱ་བ་དེ་ཉིད་ཀྱང་དངོས་པོ་མེད་པར་སྟོན་པའི་སྟོང་པ་ཉིད། ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པར་བདེན་པས་སྟོང་པ་དེ་སྣོད་བཅུད་ཀྱི་འཇོག་རྟེན་མ་ལུས་པར་ཁྱབ་པས་ཆེན་པོ་སྟོང་པ་ཉིད། མྱ་ངན་ལས་འདས་པ་ནི་འཐོབ་བྱའི་མཆོག་གམ་དོན་དམ་པ་ཡིན་ལ། དེ་ཡང་རང་གི་ངོ་བོས་སྟོང་པ་དོན་དམ་སྟོང་པ་ཉིད། སྐྱེ་འགག་གནས་གསུམ་གྱིས་བསྡུས་པའི་ཁམས་གསུམ་རང་རང་གི་ངོ་བོས་སྟོང་པ་འདུས་བྱས་སྟོང་པ་ཉིད། སྐྱེ་འགག་གནས་གསུམ་དང་བྲལ་བའི་འདུས་མ་བྱས་ཀྱི་ཆོས་རྣམས་རང་རང་གི་ངོ་བོས་སྟོང་པ་འདུས་མ་བྱས་སྟོང་པ་ཉིད། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་ནི་མཐའ་ལས་འདས་པའི་སྟོང་པ་ཉིད་འཁོར་བ་ལ་ཐོག་མ་དང་མཐའ་མ་ཞེས་བྱ་བ་དང་སེམས་དང་པོ་བྱུང་ས་དང། བར་དུ་གནས་ས་དང་ཐ་མ་འགྲོ་ས་སྟེ་དུས་གསུམ་རང་རང་གི་ངོ་བོས་སྟོང་པ་ཐོག་མ་དང་མཐའ་མ་མེད་པའི་སྟོང་པ་ཉིད། སེམས་ཉིད་ལ་སྐྱོན་ཡོན་གྱི་བླང་དོར་སྟེ་རང་རང་གི་ངོ་བོས་སྟོང་པ་དོར་བ་མེད་པ་སྟོང་པ་ཉིད་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྟོང་པ་ཉིད་ཀྱིས་ཁྱབ་པ་སྟེ་རང་བཞིན་གྱིས་སྟོང་པར་གནས་པ་རང་བཞིན་སྟོང་པ་ཉིད། ཆོས་ཐམས་ཅད་འདུས་བྱས་དང་འདུས་མ་བྱས་སུ་མ་འདུས་པ་མེད་ལ་དེ་དག་རང་རང་གི་ངོ་བོས་སྟོང་པ་ཆོས་ཐམས་ཅད་སྟོང་པ་ཉིད། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་སྨྲ་བསམ་བརྗོད་ལས་འདས་པས་རང་གི་མཚན་ཉིད་སྟོང་པ་ཉིད། ཕྱི་ནང་གི་ཆོས་ཐམས་ཅད་འདས་པ་དང་ད་ལྟ་བ་དང་མ་འོངས་པའི་དུས་གང་དུའང་དོན་དམ་པར་སེམས་ཀྱི་དམིགས་པའི་ཡུལ་དུ་མ་གྱུར་པས་ན་མི་དམིགས་པ་སྟོང་པ་ཉིད། རྐྱེན་ལས་བྱུང་བའི་དངོས་པོ་རྣམས་ལ་དོན་དམ་པར་རྒྱུན་དང་ཚོགས་པའི་དངོས་པོ་མེད་པ་དེ་ནི་དངོས་པོ་མེད་པིའ་ངོ་བོ་ཉིད་ཅེས་བྱ་བ་ཡིན་ཞིང་། དེ་ཉིད་རང་གི་ངོ་བོས་སྟོང་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ།

language:
Tibetan